e-texts navigator
Collection
Volume
Page
Wylie

62b1 ཀྱི་ང་བྷཱུ་རྣམས་དང་། སྦོས་ཀྱི་དང་བྱུང་ཆེན་པོ་རྣམས་དང་། ཀུན་ཏུ་བརྫང་རྣམས་དང་། ཀུན་ཏྲ་ད་རྔུང་ཆེན་པོ་རྣམས་དང་། མཐའ་ལས་དང་རྫ་རྣམས་དང་། མཐའ་ཡས་དང་རྟེན་པོ་དུས་ད
62b2 ལྷ་རྫས་ཀྱི་འདབ་མ་རྣམས་དང་། ཀླུ་ཤིང་གི་མེ་ཏོག་རྣམས་དང་། ཡོངས་འདུས་བརྟོལ་རྣམས་དང་། དེ་ལྟ་བུ་གཞན་དག་ཀྱང་ཁྱེར་ནས། བཅོམ་ལྡན་འདས་གལ་བ་དེར་ངོང་སྟེ། ཉེ་བའི་གའི་བྱིན་གྱིས་སྲིན་པ
62b3 མེ་ཁྱེར་གྱི་འོད་ཟིལ་གྱིས་མནན་པ་བཞིན་དུ། རང་རང་གི་གཟི་བྱིན་གྱིས་ཐམས་ཅད་ཀྱི་འོད་ཟིལ་གྱིས་མནན་ཏེ། ཞལ་ཟས་མ་བཞེས་ནས། ཕྱོགས་གཅིག་ཏུ་འཁོད་།། གཞན་ཡང་དེའི་ཚེ་ལྷའི་དབང་པོ
62b4 བརྒྱ་བྱིན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འཁོར་དང་བཅས་པས། མཆོད་པ་སྔ་མ་དེའི་ཉིས་འགྱུར་དེའི་རྐྱེན་དུ་འཚམ་པ་དེ་ན་ཡོད་པའི་མེ་ཏོག་གི་སྣ་གྲངས་དུ་མ་ཡིད་དུ་འོང་བ་རྣམས་དང་། ཡིད་དུ་འོང་བ་ཆེན་པོ།
62b5 རྣམས་དང་། དྲི་བསུང་ཞིམ་པོ་རྣམས་ཁྱེར་རོ།། ཁང་བཟངས་ཆེན་པོ་རྡོ་ཐལ་གྱི་མདོག་ལྟར་དཀར་བ། ཐེམ་སྐས་ཀྱི་རིམ་པ་དང་ལྡན་པ། སྐར་ཁུང་གི་འཕྲེང་བ་དུ་མ། ཕུག་རོན་ཤུག་རྩེ་བ་དང་ལྡན་པ་དག་ཀྱང
62b6 སྤྲུལ་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བས་བཏུད་ཏེ། བཅོམ་ལྡན་འདས
62b7 ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ནི་ཐེག་པ་ཆེན་པོའི་མདོའི་སྡེ་ཚན་སྲུང་བ་ལགས་ན། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། བདག་ཅག་གིས་ཕུལ་བའི་ཞལ་ཟས་བཞེས




iiif viewer powered by OpenSeadragon

62a - 63a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo