| | e-texts navigator
|
61b1 བུས་གང་བ་དག་ཀྱང་དེ་བལྷགས་སོ།། ལྷའི་བུ་མཐུ་པོ་རྗེའི་མདུན་མུ་ཆེན་པོ་དག་ཀྱང་རིརབ་དང་བཅས་ཏེ། མཆོད་པའི་ཕྱིར་ལྷགས་ནས། བཅོམ་ལྡན་འདས་ལ་བགུ་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོར་པོ།
61b2 གཞན་ཡང་དེའི་ཚེ་ལྷའི་བུ་མཐུ་བོ་ཆེ་འོད་ཆེན་པོ་རྒྱ་མེ་ཚོ་ཆེན་པོ་བཞིའི་ནང་ན་གནས་པ་དང་། ཆུ་ཀླུང་ཆེན་པོ་དག་གི་ནང་ན་གནས་པ་ག་དྷཱའི་ཀླུང་གྲངས་མེད་པའི་བྱེ་མ་སྐྱེད་མཆོད་པ་སྔ་མ་པས་ཆེས་ཉིས་འགྱུར་གྱིས
61b3 མཛེས་པའི་མཆོད་པ་སྔོན་དུ་བཏང་ནས། ཉི་མའི་འོད་ཟིལ་གྱིས་མནན་པ་བཞིན་དུ། རང་རང་གིའི་དཀྱིས་ཉི་མའི་འོད་ཟིལ་གྱིས་མནན།། ཉི་མ་འཆར་ཀའི་འོད་ཀྱིས་ཤིང་མྱ་ངན་འཚང་གི་ལོམ་ཐམས་ཅད
61b4 དམར་ལམ་མེར་སྣང་བར་བྱེད་པ་བཞིན་དུ། རང་རང་གི་འོད་ཀྱིས་ཆུ་ཀླུང་གསེར་ལྡན་གྱི་ཆུ་ཐམས་ཅད་དམར་ལམ་མེར་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།།
61b5 གཞན་ཡང་དེའི་ཚེ་གྲོང་ཁྱེར་ཀུ་ཤི་ནས། ཤིང་སཱ་ལ་ཟུང་གི་དྲུང་གི་བར་སྐབས་ཀྱི་བར་སྣང་ལ། ཁང་བཟངས་རིའི་དབང་པོའི་རྩེ་མོ་ལྟ་བུ། ངང་པའི་ཐལ་གོང་ལྟར་དཀར་བ་ཤ་སྟག་གིས་འཁྲིགས་པར་གྱུ་འོ།།
61b6 ས་གཞི་ནི་སྐྱེད་མོས་ཚལ་དང་། རྫིང་བུའི་ཆུ་བདྨས་མཛེས་པར་བྱས་པ་དག་གིས་གང་བར་འདུག་སྟེ། བྱང་གི་སྒྲ་མི་སྙན་གྱི་སྐྱེད་མོས་ཚལ་བས་ཀྱང་ལྷག་པར་མཛེས་སོ།། གཅིག་ཏུ་དགའ་བའི་ཚལ་དང་། ཤིང
61b7 རྟ་སྣ་ཚོགས་ཅན་དང་འདྲ་བར་གྱུར་ཏེ། ས་ཕྱོགས་དེ་དག་དེ་ལྟར་དགའ་དགའ་ལྟར་འདུག་ཀྱང་། ལྷ་དང་། ལྷ་མ་ཡིན་དང་། མི་དེ་དག་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར་ཤིན་ཏུ་དུའོ།།
iiif viewer powered by OpenSeadragon
61a - 62a