e-texts navigator
Collection
Volume
Page
Wylie

60b1 མདོག་དང་། སྦྲང་རྩིའི་མདོག་སེལ་དང་། འདོད་དགུའི་སྤོས་ལྡན་ལ་སོགས་པ་སྤོས་ཀྱི་གླང་པོ་གངྒཱའི་ཀླུང་ཉི་ཤུའི་བྱེ་མ་སྙེད་ཐེག་པ་ཆེན་པོ་འདོད་པ་ཤ་སྟག་གིས་སྟོན་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཕྱིར།
60b2 གངས་ཀྱི་སྨན་དང་། པདྨའི་རྩ་བ་དང་། སྡོང་བུ་ཤིང་རྟ་ཆེན་པོའི་འབང་ལོ་ཙམ་ཤ་སྟག་དང་། དགོན་པ་ཆེན་པོ་དག་ནས་པདྨ་དང་། ཨུཏྤ་ལ་དང་། ཀུ་མུ་ད་དང་། པདྨ་དཀར་པོ་དང་། རྩ་བ་དང་། འབྲས་བུ།
60b3 དང་། རྡོ་གུ་སཱུ་ཐ་དད་པ་དུམ་དག་སྣའི་ཐོར་ཏོས་ཕྱུང་ཞིང་ཁྱེར་ཏེ། རླུང་གི་ཤུགས་པས་ཀྱང་ཆེས་མགྱོགས་པ་དང་། ཤིན་ཏུ་རིངས་པར་དབྱར་གྱི་འབྲུག་སྒྲ་བཞིན་དུ་སྒྲོགས་ཤིང་ལྷགས་ནས། པདྨའི་འདབ
60b4 མ་བཅེར་བའི་སེང་གེའོ་ཁྲིའི་ལྔ་ལྡི་དག་ཤམས་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། ཞལ་ཟས་མ་བཞེས་པས་རེ་ཐག་ཆད་དེ། ཕྱོགས་གཅིག་ཏུ་འཁོང་ངོ་།། གཞན་ཡང་དེའི་ཚེ་སེང་ག་སེང
60b5 གེའི་སྒྲ་སྒྲོགས་ཞེས་བྱ་བ་ལ་སོགས་པ་སེང་གེ་ག་དྷཱའི་ཀླུང་སུམ་ཅུའི་བྱེ་མ་སྙེད་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཤ་སྟག་གིས། སེང་གེའི་རྩལ་ཆེན་པོས་སྤོས་ཀྱི་གླང་པོ་ཆེ་རྣམས་དང་འདྲ་བ
60b6 མེ་ཏོག་དང་འབྲས་བུ་རྣམས་ཁྱེར་ཏེ། རིངས་པར་ལྷགས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་བྱ་ངང་བ་དང་། ཁྲུང་ཁྲུང་དང་། ངུད་པ་དང་། ཀ་དམ་པ་དང་། ཟལ་མོ་དང་། བཞད་དང་།
60b7 ཁུ་བྱུག་དང་། བ་ལི་ཀ་དང་། ཀ་ལ་བིངྐ་དང་། ཤང་ཤང་ཏེའུ་ལ་སོགས་པས་ཀྱང་སྤོས་ཀྱི་གླང་པོ་ཆེ་རྣམས་དང་འདྲ་བར་མེ་ཏོག་དང་འབྲས་བུ་ཁྱེར་ཏེ། རང་རང་གི་སྐད་ཕྱུང་ནས་ཕྱོགས་གཅིག་ཏུ་འཁོད་དོ།།




iiif viewer powered by OpenSeadragon

60a - 61a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo