e-texts navigator
Collection
Volume
Page
Wylie

60a1 ཉིས་འགྱུར་བས་ལྷག་པ་དག་ཁྱེར་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཞལ་ཟས་མ་བཞེས་ནས། སྔ་མ་བཞིན་དུ་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ
60a2 རླུང་ལྷ་བཞི་རླུང་གཏོང་བར་ལྷ་གདྷཱའི་ཀླུང་བྱེ་བ་ཕྲག་འབུམ་དང་ལྷན་ཅིག་ཏུ། དུས་མ་ཡིན་པར་ཡང་ཤིང་ལྗོན་པ་དང་། འཁྲི་ཤིང་དང་། ཤིང་གེལ་བ་དང་། ནགས་མ་རྣམས་དང་། སྐེམ་དང་། མ་ཏོག
60a3 གི་འཁྲི་ཤིང་དང་། བྱུ་རུ་རྣམས་ཀྱིས་ས་ཕྱོགས་རྒྱན་པར་བྱེད་ཅིང་། དུས་ཚིག་ཐམས་ཅད་ཀྱི་མེ་ཏོག་གིས་དཔལ་རྣམས་ཕྱོགས་སུ་རྒྱས་པར་བྱེད་ལ། ལོ་མ་ཁ་འབུས་པ་རྩཝ་དམར་བ་རྣམས་ཀྱིས་ཤིང་སཱལ
60a4 ཟུང་ཉི་མ་འཆར་ཀའི་འོད་ཟེར་སེར་པོ་ཛ་ཧོང་ཀར་འདུག་པ་བཞིན་དུ་བྱས་ནས། མཆོད་པ་སྔ་མའི་ཉིས་འགྱུར་བས་ལྷག་པའི་མཆོད་པ་དག་ཁྱེར་ཏེ། བཅོམ་ལྡན་འདས་ལ་མཆོད་པ་བྱས་ནས། སྔ་མ་བཞིན་དུ་ཤིང
60a5 སཱ་ལ་ཟུང་གི་དྲུང་དུ་འཁོད་དོ།། གཞན་ཡང་དེའི་ཚེ་ཆར་པ་འབེབས་པའི་ལྷ་གངྒཱའི་ཀླུང་གི་བྱེ་མ་སྙེད་སྤྲིན་ཆེན་པོ་དང་། ཆུ་སྐྱར་རྣམས་ཕྱི་བཞིན་དུ་འབྲང་ཞིང་གློག་འགྱུ་བའི་གསོབ་ནས་རྨ་བྱའི་མགྲིན་པ་ལྟར
60a6 མདོག་སྔོ་བའི་ཆར་གྱི་རྒྱུན་འབབ་ལ། འབྲུག་སྒྲ་ལ་ནས་སྒྲོགས་པའི་སྤྲིན་དང་ལྡན་པས། ཆུར་ཟིམ་བུ་བསིལ་བ་དང་འདྲེས་པའི་མེ་ཏོག་གི་ཆར་འབེབས་ཤིང་། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ
60a7 ཞལ་ཟས་མ་བཞེས་ནས་རེཟག་ཆད་དེ། དེ་བཞིན་གཤེགས་པའི་གདུང་ཞུགས་ལ་བཞིན་པའི་མི་གསདང་པའི་ཕྱིར་ནམ་མཁའ་ཉིང་ལ་འཁོད་དོ།། གཞན་ཡང་དེའི་ཚེ་སྤོས་ཀྱི་གླང་པོ་སྒྲ་ཙན་དང་། ལུང་བ




iiif viewer powered by OpenSeadragon

59b - 60b

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo