e-texts navigator
Collection
Volume
Page
Wylie

49b1 སྣ་ཞིང་ཡང་འོད་ནམ་པ་སྣ་ཚོགས་དང་ལྡན་པའི་ཕུང་པོ་ཆེན་པོ། མདོག་སྔོ་བ་དང་། བར་བར་ཁ་ཅིག་ཏུ་མདག་དཀར། ཁ་ཅིག་ཏུ་སྷོསྭཱ། ཁ་ཅིག་ཏུ་རྩ་དམར། ཁ་ཅིག་ཏུ་སེར་རབ། མིག་ཏུ་སྡུགཔ
49b2 བྱས་པ་ཤ་སྟག་གོ།། བམ་པོ་རེ་རེའི་གཡོགས་མའི་ཕྱར་བུ་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཤ་སྟག་གོ།། ཆིངས་མའི་ཐེ་གུ་མང་པོ་རེ་རེ་ཤིང་ཡང་། ལྡོང་རོས་ཀྱི་མདོག་ལྟ་བུ་དང་། བར་མ་མ་།
49b3 གྲི་མདོག་ལྟ་བུ་དང་། སྔོན་པོ་དང་། སེར་པོ་རྣམས་ཀྱིས་བར་བར་དུ་སྤེལ་བ་ཤ་སྟག་གོ།། དེ་ལ་ཆིངས་མའི་ཐེ་གུ་མང་པོ་རེ་རེ་ཞིང་ཡང་གསེར་ཐགས་ཀྱི་མཆོག་རྣམ་པར་དག་པ་ཡུལ་མང་པོར་གྲགས་པ་དག
49b4 གིས་སྤེལ་བ་ཤ་སྟག་གོ།། དེ་ལ་ཡམྲ་སྲེག་ཤིང་སཱ་རེ་རེ་ཞིང་ཡང་སྤྲོས་དྲི་བསུང་ཞིམ་པོ་དང་། མེ་ཏོག་འཕྲེང་བ་དང་། གུར་ཀུམ་གྱི་ཕྱེ་མ་དང་ལྡན་པར་བྱས་པ། གསེར་ཐགས་ཀྱིས་གཡོགས་པ། དང
49b5 སྣས་བརྒྱན་པ། རིན་པོ་ཆེ་སྣ་བདུན་གྱི་ཤུབས་སྔོན་པོ་དང་། སེར་པོ་དང་། སྔོ་སྐྱ་དང་། དཀར་པོ་དང་། བཙོད་ཀ་ལྟ་བུ་དག་གི་ནང་དུ་བཅུག་པ། ཡུལ་ཀ་ལིང་ཀའི་རས་དང་། ཟར་མའི་རས་དང་། ཟབ
49b6 དར་དང་། རྒྱ་དར་གྱི་མཆོག་རྣམས་ཀྱིས་དཀྲིས་པ། མེ་ཏོག་མང་པོས་བརྒྱན་པ། བྱུག་པ་དྲི་བསུང་ཞིམ་པོ་དག་གིས་བྱུགས་པ་ཤ་སྟག་གོ།། ཡམ་སྲེག་ཤིང་སྣ་རེའི་ཤིང་རྟ་རེ་རེ་ཞིང་ཡང་རིན་པོ་ཆེསྣ
49b7 བདུན་གྱིས་བརྒྱན་པ། གསེར་གྱིས་མཛེས་པར་བྱས་པ། ཁ་ཅིག་ཏུ་སྔོན་པོ་དང་། དཀར་པོ་དང་། བབ་ལའི་ཁ་དོག་དང་། ལི་ཁྲིའི་ཁ་དོག་པས་ལྷག་པའི་འོད་གསལ་བ་དང་ལྡན་པ་ཤ་སྟག་གོ།། ཤིང




iiif viewer powered by OpenSeadragon

49a - 50a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo