| | e-texts navigator
|
46a1 འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དང་། ཤེལ་གྱི་ཁ་དོག་དང་། རྡོའི་སྙིང་པོའི་ཁ་དོག་ལྟ་བུ་དག་བྱུང་སྟེ། འོད་ཟེར་དེ་དག་གིས་སྟོང་གསུམ་གྱི
46a2 སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་དེ་དག
46a3 དག་ལ་ཕོག་ནས། དེའི་མོད་ལ་ཉོན་མོངས་པའི་མུན་པ་ཐམས་ཅད་དང་བྲལ་ཏེ། ཉེས་སྡིག་ཐམས་ཅད་ཀྱི་རྒྱུན་ཆད་པར་གྱུར་ཏོ།། དེ་ནས་མྱ་ངན་ཆེན་པོས་ནོན་ཏེ། ཚིག་མཐུན་པར་ཀྱེ་མཁེབས་སོ་ཁེབས
46a4 སོ་ཞེས་ཀྱང་འཛེར་ཏོ།། ཀྱི་ཧུད་ཅེས་ཀྱང་སྐད་ཆེར་འབོད་ཅིང་། ལག་པ་བརྐྱང་བས་ཀྱང་མགོ་བོ་ལ་རྡོབ་པར་བྱེད་དེ། འདར་ཞིང་ཤིན་ཏུ་ངུའོ།། དེའི་ཚེ་ས་ཆེན་པོ་ནགས་ཚུལ་དང་བཅས། རཱི་དང་བཅས
46a5 པ་རྒྱ་མཚོའི་མཐས་གཏུགས་པ་ཡང་རབ་ཏུ་གཡོས་ཏེ། སེམས་ཅན་དེ་དག་ཀྱང་གཅིག་ལ་གཅིག་འཛིན་ཅིང་། འདི་སྐད་དུ། གྲོགས་པོ་དག་རིངས། གྲོགས་པོ་དག་རིངས། གྱད་ཡུལ་གྱི་གྲོང་ཁྱེར
46a6 ཀུ་ཤིར་འདོད་འདོང་ངོ་།། དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ། ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་པ་ལས་བཐོག་ལ། བསྒྲིམ་མི་དགོས་པར་བསྐུལ་པ་འམ། བསྐུལ་བ་ལས
46a7 ལྷག་པར་ཡང་བཞུགས་པར་གསོལ་བ་གདབ་བོ་ཞེས་འཛེར་ཏོ།། གཅིག་ལ་གཅིག་འཇུས་ནས། འདི་སྐད་དུ་ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ།། ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ།། ཀྱེ་མ
iiif viewer powered by OpenSeadragon
45b - 46b