| | e-texts navigator
|
258b1 དཔའ་སེམས་དཔའ་ཆེན་པོ་སུམ་ཁྲི་བརྒྱད་སྟོང་དག་དང་ཐབས་ཅིག་སྟེ། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱང་ཡུན་རིང་པོར་དགེ་བའི་རྩ་བ་བསྐྱེད་པས། སངས་རྒྱས་བྱེ་བ་བརྒྱད་སྟོང་།
258b2 ཚད་མེད་པ་རྣམས་ལ་རྟག་ཏུ་ཚངས་པར་སྤྱོད་པ། སྨོན་ལམ་ཆེན་པོ་ཡོངས་སུ་རྫོགས་པ། ཏིང་ངེ་འཛིན་བརྒྱ་སྟོང་སྙེད་ཁོང་དུ་ཆུད་ཅིང་རྟོགས་པ། གཟུངས་ཡོངས་སུ་རྫོགས་པ
258b3 སྲིང་རྗེ་ཆེན་པོ་མི་གཏོང་བ། སེམས་ཅན་ཆེན་པོ་འི་ལྟ་བ་བཞིན་ཐམས་ཅད་ལ་ཕན་པར་བརྩོན་པ། དཀོན་མཆོག་གསུམ་གྱི་གདུང་མི་འཆད་པར་འཚོ་བ་པ་ཆོས་ཀྱི་རྒྱལ་མཚན་རྣམ
258b4 བར་འཛུགས་པ་སོ་སོའི་མ་བསྐུལ་བའི་དགེ་བའི་བཤེས་གཉེན་དུ་གྱུར་པ། ཡེ་ཤེས་ཆེན་པོའི་འགྲམ་དུ་ཕྱིན་པས་ཀུན་ཏུ་གྲགས་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས
258b5 དཔའ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་དང་། བྱང་ཆུབ་སེམས་དཔའ་རྟག་པར་བརྩོན་པ་དང་། བྱང་ཆུབ་སེམས་དཔའ་ཡོན་ཏན་དམ་པ
258b6 དང་བྱང་ཆུབ་སེམས་དང་འགྲོག་གི་འོད་དང་། བྱང་ཆུབ་སེམས་དཔའ་ཀུན་ཏུ་མཉམ་པ་དང་། བྱང་ཆུབ་སེམས་དཔའ་ཡོད་ཏན་གཙོ་བོ་དང་། བྱང་ཆུབ་སེམས་དཔའ།
258b7 རི་རབ་རྒྱལ་པོ་དང་། བྱང་ཆུབ་སེམས་དཔའ་སྤོས་ཀྱི་གླང་པོ་དང་། བྱང་ཆུབ་སེམས་དཔའ་སྤོས་གྲང་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སྟོབས་འཛིན་དང་། བྱང་ཆུབ
iiif viewer powered by OpenSeadragon
258a - 259a