e-texts navigator
Collection
Volume
Page
Wylie

257b1 སྲེད་ཀྱིས་སེམས་བསྐྱེད་ནས་བྱང་ཆུབ་སེམས་དཔའི་ས་དང་པོའི་གནས་ཐོབ་བོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྲམ་ཟེ་རྗེ་ཞིང་མཐོ་བ་འོད་སྲུངས་ཆེན་པོ
257b2 དང་རུས་གཅིག་པ་ལ་བཀའ་སྩལ་ཏོ།། མགར་བའི་བུ་ཙུན་དབྱང་ཆུབ་ཏུ་དབང་བསྐུར་ནས། བྱང་ཆུབ་སེམས་དཔའ་དེ་གསུམ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་པག་ཡོད་པར་གྱིས་ཤིག
257b3 བག་ཡོད་པར་གྱིས་ཤིག། ང་སྲེད་པའི་ནང་དྲག་པོས་བཏབ་སྟེ། གཞོན་ནུ་དག་ང་རེ་ཞིག་ཐབས་ཀྱི་ནང་པོ་བྲང་དུ་ཉལ་བར་འདོད་ཀྱིས་ཉལ་དུ་ཆུ་གཅིག། འཇམ་དཔལ་ཁྱོད་ཀྱིས་འཁོར
257b4 ཐམས་ཅད་ལ་ཆོས་སྟོན་ཅིག། སེང་གེའི་སྒྲ་སྒྲོགས་ཤིག། གནས་བརྟན་འོད་སྲུངས་ཆེན་པོ་དང་། ཀུན་དགའ་བོ་གཉིས་མ་འོངས་ཀྱི་བར་དུ་ངས་ཁྱོད་ལ་བསྟན་པ་འདི་གཏད་ཀྱིས
257b5 ནམ་འོངས་པ་ན་དེ་གཉིས་ལ་གཏོད་ཅིག་ཅེས་དེ་སྐད་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་གདུལ་བར་བྱ་བའི་དབང་གིས་ནད་པའི་ཚུལ་དུ་བཞུགས་པར་བསྟན་པ་སྟེ་གཟིམས་ཁང་ལོགས་སུ་ཟུར
257b6 གྱིས་གཟིམས་སོ།། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་དམ་པའི་ཆོས་གསུང་རབ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་རྒྱུད་ཕྱི་མ་ལྟ་བུ། རྟོགས་པར་དཀའ་བའི་ཆོས་ཀྱི
257b7 འབྱུང་གནས། གཅིག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་གྲོལ། ལེའུ་ཉི་ཁྲི་ལྔ་སྟོང་ཡོད་པ་ལས་ལྷ་དང་། མི་དང་། ལྷ་མ་ཡིན་དང་། མིའམ་ཅི་དང་། རིག་སྔགས




iiif viewer powered by OpenSeadragon

257a - 258a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo