e-texts navigator
Collection
Volume
Page
Wylie

256b1 བར་བྱ་བའི་དབང་གིས་རྒྱུ་དང་བཅས་རྨེན་དང་བཅས་པར་སྟོན་པར་ཤེས་པར་གྱིས་ཤིག། འཇིག་རྟེན་ལས་འདས་པའི་ཆོས་ནི་མཆོག་ཏུ་བདེ་བ་ཡིན་ནོ།། ཚིགས་སུ་བཅུད་པ་འདོན་གྲོང
256b2 ཁྱེར་གྱེན་དུ་རྒྱལ་ཞེས་བྱ་བའི་བྲམ་ཟེ་ལུག་དཔལ་ཞེས་བྱ་བ་ལས་བརྩམས་ན་བསྟན་པ་ཡིན་ཏེ། བྲམ་ཟེ་ལུག་དཔལ་ཞག་བཞི་པའི་ལྟུང་བ་བྱེད་ཅིང་། ངའི་ཐང་དུ་འོངས་ནས་ངས་དེའི་ཞག་བཞི་པའི
256b3 སྨྱུང་བའི་ལྟ་བ་བསལ་བའི་ཕྱིར། སེམས་ཅན་ཐམས་ཅད་ཟས་ལ་རྟེན་ཅེས་བྱ་བའི་ཚིགས་སུ་བཅད་པ་འདི་བསྟན་ཏོ།། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ
256b4 ཆེན་པོ་འོད་སྲུངས་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཐམས་ཅད་མ་ལུས་པ་ཇི་ལྟ་བུ་ལགས། ཐམས་ཅད་ཅེས་བགྱི་བའང་ཇི་ལྟ་བུ་ལགས
256b5 བཀའ་སྩལ་པ། མ་ལུས་པའི་དོན་ནི་དགེ་བའི་ཕྱོགས་ཐམས་ཅད་རྟག་པའོ།། བདེ་བའོ་ཞེས་བྱ་བ་ལྟ་བུའོ།། དེ་ལྟར་ན་ཁ་ཅིག་ནི་ལྷག་མ་ཡོད་པའོ།། ཁ་ཅིག་ནི་ལྷག་མ་མེད་པ་ཡིན།
256b6 བར་ཆོས་འདོད་པའི་རིགས་ཀྱི་བུས་རིག་པར་བྱའོ།། གསོལ་པ། ཀྱེ་མ་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་པ་ལགས་ཏེ་བདག་ཤིན་ཏུ་རངས
256b7 ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། དེ་ལྟར་ཆ་ཕྲ་བར་བརྟག་དགོས་སོ།། གསོལ་པ། བཅོམ་ལྡན་འདས་ང་ནི་ཡོངས་སུ་མྱ་ངན་ལས




iiif viewer powered by OpenSeadragon

256a - 257a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo