| | e-texts navigator
|
255b1 ཉེས་པས་ནང་དུ་འགྱུར།། ཚངས་པར་སྤྱོད་པ་འགྲོགས་ན་བདེ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས་ཙུན་དའི་སྦྱིན་པ་ཆེར་གསོལ་ནས་ཞལ་ཟས།
255b2 ཀྱི་ཉེས་པས་བསྲིངས་ལགས་སུམ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ཅན་ཐམས་ཅད་ཀྱང་བསལ་རྟེན་པ་མ་ཡིན་ནོ།།
255b3 སེར་སྣ་མེད་པ་ཐམས་ཅད་ཀྱང་གཡོ་བ་མ་ཡིན་ནོ།། ཐམས་ཅད་ལའང་ཟས་ཀྱི་ཉེས་པས་ནང་དུ་འགྱུར་བ་ཡིན་ནོ།། ཆོས་སྤྱོད་པ་རྣམས་དང་འགྲོགས་སོ་ཅོག་ཀྱང་བདེ་བ་མ་ཡིན་ནོ།།
255b4 འཇམ་དཔལ་གང་གི་ཚེ་ཁྱོད་ནད་ཀྱིས་ཐེབས་པ་དེའི་ཚེ། ངའང་ནད་ཀྱིས་ཐེབས་སོ།། དགྲ་བཅོམ་དང་ནི་རང་སངས་རྒྱས།། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས།།
255b5 དག་རྟག་ཏུ་ཟས་མེད་དེ།། དེ་ནི་སངས་རྒྱས་ཆོས་ཉིད་དོ།། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན
255b6 གཤེགས་པ་རྣམས་ནི་ཞལ་ཟས་ཀྱང་མི་གསོལ་ལ་སྦྱིན་པ་འབུམ་ཕྲག་མང་པོའང་བ་ཞེས་པར་མཛད་དོ།། སྦྱིན་པ་བླང་བར་བྱ་བའི་གད་མངག་ཀྱང་སྟོན་པར་མཛད་དོ།། སེམས་ཅན
255b7 རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་ཀྱི་རྒྱ་མཚོ་ལས་ངེས་པར་བསྒྲལ་པའི་ཕྱིར་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་བསྔགས་པར་ཡང་མཛད་ལ། གསོལ་བར་ཡང་མི
iiif viewer powered by OpenSeadragon
255a - 256a