| | e-texts navigator
|
250a1 བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་སླར་ཚིགས་སུ་བཅད་དེ་གསོལ་པ། ཆུ་ཀུན་གྱ་གྱུར་འབབ་མ་ལགས།། ནགས་ཚལ་ཀུན་ཀྱང་ཤིང་མ
250a2 ལགས། བུད་མེད་ཀུན་ལའང་གཡོ་མ་མཆིས།། དབང་ཕྱུག་ཀུན་ཀྱང་བདེ་མ་ལགས།། དེ་བས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་དེ་སྐད་དུ་བཀའ་སྩལ་པ་ནི་ལེགས་པར་བཀའ་སྤྲུལ་པ་མ་ལ།
250a3 འདི་ལ་རྒྱུ་ཅི་མཆིས་པ་བཀའ་སྩལ་འཚལ་ལགས་སོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་གླིང་ཐ་དད་པ་ནུབ་ཀྱི་བ་གླང་སྤྱོད་ཅེས་བགྱི་བ་མཆིས་ཏེ། དེ་ན་ཆུ་ཀླུང་གི་མིང་དྲང
250a4 པོར་འབབ་ཅེས་བགྱི་བ། ཤིང་མཁན་གྱི་ཐིག་སྐུད་བཞིན་དུ་ནུབ་ཕྱོགས་ཀྱི་རྒྱ་མཚོ་ནས་ཤར་ཕྱོགས་ཀྱི་རྒྱ་མཚོར་དྲང་པོར་འབབ་པ་ཞིག་མཆིས་ལ། ཐམས་ཅད་ཅེས་བགྱི་བ་ནི་ཤིན་ཏུ་རྒྱས་པའི་ལུང་ལས
250a5 ལྷག་མ་ཡོད་པའི་དོན་ལགས་པར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། ཆུ་ཀླུང་དྲང་པོར་འབབ་ཅེས་བགྱི་བ་དེ་ཤིན་ཏུ་རྒྱས་པའི་ལུང་གི་མདོ་གང་ལས་བཤད་པ་བཅོམ་ལྡན་འདས་བདེན་པ་གསུང་བས
250a6 བཀའ་སྩལ་དུ་གསོལ། དཔེར་ན་ནོར་གྱི་འབྱུང་ཁུང་གི་རྒྱུས་མཁན་འབྱུང་ཁུང་ལ་མི་མཁས་པ་ཞིག་གིས་དེ་ཁོ་ན་ན་གསེར་མཆིས་བཞིན་དུ། འདི་ག་སེར་མ་མཆིས་སོ་ཞེས་མཆིས་པས་ནི
250a7 གནས་ཀྱི་ཕྱོགས་ཆའི་བྱེ་བྲག་ཙམ་ཉི་ཚེ་ཤེས་པར་བགྱི་ལགས་སོ།། ནགས་ཚལ་ཀུན་ནི་ཤིང་ཉིད་ཡིན་ནོ་ཞེས་བགྱི་བ་ནི། ལྷག་མ་ཡོད་པའི་དོན་ལགས་ན། ནགས་ཚལ་རྣམ་པ་མང་དུ་མཆིས།
iiif viewer powered by OpenSeadragon
249b - 250b