e-texts navigator
Collection
Volume
Page
Wylie

245b1 རང་བ་འདི་དགེ་སློང་ངམ་དགེ་སློང་མ་གང་དག་སེམས་ཅན་རྣམས་ལ་སོན་པར་བྱེད་པ་དེ་དག་ནི་ཡུལ་འཁོར་གྱི་བསོད་སྙོམས་བྱ་བར་འོས་པ་ཡིན་ནོ།། ཅིག་ཤོས་ངམན་འོས་པ་མ་ཡིན་ནོ།། །
245b2 ལྟར་རྗེས་སུ་ཡི་རང་བ་འདིས་གདོལ་པ་དེ་འཇིག་རྟེན་ཐམས་ཅད་དུ་བདེ་བར་གྱུར་བའི་ཆོས་ཀྱི་བདེན་པ་དེས་ན། དམ་པའི་ཆོས་འདོད་པ་རྣམས་ལ་བགེགས་མེད་པ་དང་། གནོད་པ་མེད་པར་གྱུར་ཅིག
245b3 དེ་ནས་ལྷ་དང་། ལྷ་མ་ཡིན་དང་། མི་དང་བཅས་པའི་འཇིམ་རྟེན་གྱིས་དེ་བཞིན་གཤེགས་པ་རྟག་པར་ཁོང་དུ་དྲུང་ནས། རབ་ཏུ་དགའ་བའི་སེམས་དང་། དགེ་བའི་སེམས་དང་། སྒྲིབ
245b4 པ་དང་བྲལ་བའི་སེམས་དང་། གཞོལ་བ་མེད་པའི་སེམས་དང་། པདྨ་ཁ་བྱེ་བ་ལྟ་བུའི་བཞིན་དང་ལྡན་པར་གྱུར་ནས་ལྷའི་མཆོད་པ་ཆེན་པོའི་ལས་བྱས་ཏེ། མེ་ཏོག་དང་། ཕྱེ་མ་དང་། བདུག
245b5 དང་། སྤོས་ཀྱིས་བསྒོབ་ལ་སོགས་པས་གཏོར་ཏོ།། སིལ་སྙན་ལ་སོགས་པའང་དཀྲོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའོང
245b6 སྲུངས་ཆེན་པོ་དང་རུས་གཅིག་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཀྱིས་དེང་འདིར་ངོ་མཚར་རྨད་དུ་བྱུང་བ་ཅི་མཐོང་གསོལ་པ། བཅོམ་ལྡན་འདས་བདག་གིས་སྔོན་ལན་འགའ་ཡང་མ
245b7 མཐོང་བའི་ངོ་མཚར་རྨད་དུ་བྱུང་བ་མཐོང་སྟེ། འཁོར་རེ་རེས་ཕུལ་བའི་རྣལ་བས་དེ་བཞིན་གཤེགས་པར་རིདགེ་སློང་གི་དགེ་འདུན་དང་བཅས་པས་གསོལ་བ་མཐོང་ལགས་སོ།། འཁོར་འདི་ནི་སྤང




iiif viewer powered by OpenSeadragon

245a - 246a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo