e-texts navigator
Collection
Volume
Page
Wylie

245a1 པས་སེམས་ཅན་གཟིགས།། སེམས་ཅན་ཀུན་གྱི་མཆོག་གྱུར་པ།། གཏན་དུ་མྱ་ངན་འདའ་བས་གྲོངས།། གང་ཚེ་སྦྲང་བུའི་གཅིན་ཙམ་གྱིས།།
245a2 མཚོ་བཞི་ཡི་མཐུའ་ཀླས་པ།། ནགས་ཚལ་ར་རྣམས་བཅས་པ་ཡི།། ས་གཞི་ངོམས་པར་གྱུར་པ་ན།། དེ་\ུ0f7f་སྒྲ་གཅན་ཟིན་བཞིན་དུ།། དེ་བཞིན་གཤེགས་པས་སེམས་ཅན་ཀཱ་རཿ།
245a3 སེམས་ཅན་ཀུན་གྱི་མཆོག་གྱུར་པ།། གཏན་དུ་མྱ་ངན་འདའ་བས་གྲོངས།། དེ་བས་ན་ཆོས་དང་ལྡན་པ།། ཆོས་ལ་གུས་པ་ཁྱེད་མྱ་ངན་མ་བྱེད་ཅིག། མ་དུ་ཞིག། དེ་བཞིན་གཤེགས
245a4 པ་ནི་རང་ལ་དབང་ཡོད་ཀྱིས་མི་རྟག་པའི་འདུ་ཤེས་མ་བྱེད་པར་རྟག་པ་དང་། ཐེར་ཟུག་པ་དང་། མཆོག་ཏུ་བརྟན་པ་ཡིན་པར་ཡང་དག་པར་ལྟོས་ཤིག། བཞི་གསུམ་རྟག་པའི་གསང་སྔགས་ཀྱི་སྒྲུབ
245a5 དང་བསྲུང་བ་འདི་སྲུང་བར་གྱིས་ཤིག། གཞི་གསུམ་རྟག་པའི་གསང་སྔགས་ཀྱིས་ནི།། གནམ་ལྕགས་ཀྱིས་ཚིག་པའི་ཤིང་རྣམས་ཀྱང་སྐྱེ་བར་འགྱུར་ཏེ། ཡལ་ག་ཕྲེའུ་དང་། སྦལ
245a6 མིག་བྱེ་བ་དང་། ལོ་མ་ཁ་འབུས་པ་དང་ལྡན་པར་འགྱུར་རོ།། འཁོར་བཞི་པོ་ལས་གཞི་གསུམ་རྟག་པར་རྗེས་སུ་ཡི་རང་བའི་གཏམ་འདི་ཕན་ཚུན་ཐོས་ནས། བྱང་ཆུབ་ཀྱི་སེམས་སྐྱེ་མི་དགོས
245a7 བར་འཛིན་ཀྱང་གཞི་གསུམ་མཆོག་ཏུ་རྟག་པའི་རྒྱུས་ན། བྱང་ཆུབ་ཀྱི་རྒྱུར་སྐྱེ་བར་འགྱུར་ཏེ། འདི་ནི་སངས་རྒྱས་ཀྱི་རྗེས་སུ་ཡི་རང་བ་ཞེས་བྱའོ།། གཞི་གསུམ་རྟག་པ་ལས་བྱུང་བའི་རྗེས་སུ་ཡི




iiif viewer powered by OpenSeadragon

244b - 245b

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo