| | e-texts navigator
|
242b1 བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་སེ་དགེའི་སྒྲ་སྒྲོགས་པ་ལགས། ལྐུགས་པ་སྐུར་གསུང་བ་ནི་འཇིག་རྟེན་དང་མཐུན་པར་མཛ་པར་བལྟ་པ
242b2 བགྱི་ལགས་སོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་ནལ་ནས་འོད་ཟེར་སྣ་ཚོགས་བཀྱེ་སྟེ། འོད་ཟེར་དེ་དག་གིས་མག་བའི་བུ་ཙུན་དལ་ཕོག་ནས། ཀྱེས་དེ་བཞིན
242b3 གཤེགས་པ་ལ་ཕྱིན་ཆད་དབུལ་དུ་མེད་པའི་སྦྱིན་པ་ནི་དཀོན་པ་ཡིན་ནོ་སྙམ་ནས། ཤིན་ཏུ་རིངས་པར་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བནས་པ་ཚིམ་པར་འགྱུར་བའི་ནལ་ཟས་སྦྱར
242b4 རང་གི་འཁོར་རྣམས་དང་ལྷན་ཅིག་ཏུ་རིང་བར་འཛམ་བུ་ཆུ་ཀླུང་གི་གསེར་དྲི་མ་མེད་པའི་སྣོད་དཀྱིལ་དུ་ནོར་བུའི་འབྲུར་མཐོན་པོ་འོད་ཅན་གྱིས་སྤྲས་པ་རྣམས་དང་། ཁ་ཅིག་ནི་དངུལ་གྱི་སྣོད
242b5 རིན་པོ་ཆེ་སྣ་ཚོགས་ཀྱིས་སྨྲས་པ་རྣམས་ཞལ་བས་སྐྱུ་རུམ་སྣ་ཚོགས་དང་སྦྱར་བས་བཀང་བ་དང་། མཆོད་པའི་ཡོ་བྱད་མང་པོ་དག་ཁྱེར་ནས་གྲོང་ཁྱེར་གྱི་བར་ནས་བྱུང་སྟེ་བཅོམ་ལྡན་འདས་གལ
242b6 བ་དང་ཆས་སོ།། དེ་ནས་ལྷའི་བུ་མཐུ་ཆེན་པོ་དང་ལྡན་པ་རྣམས་ཀྱིས་མགུར་བའི་བཙུན་ད་ལ་བསྐོར་ནས་འདི་སྐད་ཅེས་སྨྲས་སོ།། ཙུན་ང་རེ་ཞིག་ཞལ་ཟས་མ་དབུལ་བར་དེ་བཞིན་གཤེགས
242b7 པ་ཐང་ཅིག་ཞོག་ཅིག་ཅེས་བྱས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་འོད་ཟེར་དག་བཀྱེ་སྟེ། འོད་ཟེར་དེ་དག་གྱིས་ལྷའི་བུ་རྣམས་ལ་ཕོག་ནས་ཙུན་ད་བཏང་ངོ་།། དེ་ནས
iiif viewer powered by OpenSeadragon
242a - 243a