e-texts navigator
Collection
Volume
Page
Wylie

241b1 འགྱུར་ལགས། བཀའ་སྩལ་པ། གཞི་གསུམ་མི་ཤེས་པ་གང་ཡིན་པ་དེ་དག་ནི་སེམས་ཅན་མ་རུངས་པ། འཇིག་སུ་རྦག། ཁྱེ་དང་། ང་ལྐོག་མཆིག་པར་འགྱུར་རོ།།
241b2 དཔེར་ན་མི་དང་དུད་འགྲོ་ལླ་ཚིག་པ་རྣམས་ཀྱིས་རོ་དྲུག་སྟེ། མངར་བ་དང་། སྦྱར་བ་དང་། ལན་ཚྭའི་རོ་དང་། ཚ་བ་དང་། ཁ་བ་དང་། བསླབ་རྣམས་ཟབན་@
241b3 བྱེ་བྲག་མི་བྱེད་པ་དེ་བཞིན་དུ། སེམས་ཅན་མི་ཤེས་པ་ལྕེ་དང་། རྐན་དང་། ལྐོག་མཆིག་པ། མ་རུངས་པ། འཇིགས་སུ་རུང་བ། གཞི་གསུམ་བརྟན་པར་མི་ཤེས
241b4 པ་གང་ཡིན་པ་དེ་དག་ནི། ལྕེ་དང་། རྐན་དང་། ལྐོག་མ་ཚིག་པ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་རྟག་པར་མི་ཤེས་པ་གང་ཡིན་པ་དེ་དག་ནི་དམུས་ལོང་གི
241b5 མཆོག་ཡིན་ནོ་ཞེས་དབྱེར་རོ།། དེ་བཞིན་གཤེགས་པ་རྟག་པར་ཤེས་པ་གང་ཡིན་པ་དེ་དག་ནི་ཤའི་མིག་དང་ལྡན་པ་ཡིན་དུ་ཟིན་ཀྱང་ལྷའི་མིག་དང་ལྡན་པ་ཡིན་ནོ་ནུས་ང་ཟེར་རོ།། རིགས་ཀྱི་བུ
241b6 གཞན་ཡང་མདོ་སྡེ་འདི་ཐོས་ནས་དེ་བཞིན་གཤེགས་པ་རྟག་པར་ཤེས་ཤིང་ཁོང་དུ་ཆུད་པ་གང་ཡིན་པ་དེ་དག་ནི་ལྷའི་མིག་དང་ལྡན་པ་ཡིན་ནོ་ཞེས་ང་ཟེར་རོ།། ལྷའི་མིག་དང་ལྡན་པ་ཡིན་དུ་ཟིན་ཀྱང་དེ
241b7 བཞིན་གཤེགས་པ་རྟག་པར་མི་ཤེས་པ་གང་ཡིན་པ་དེ་དག་ནི་ཤའི་མིག་དང་ལྡན་པ་ཡིན་ནོ་ཞེས་ངཟེར་རོ།། དེ་དག་ནང་དུང་བསྐལ་པ་བྱེ་བ་མང་པོར་ཡང་བདག་གི་མགོ་མཇུག་ཅི་འདྲ་བའང་མཐོང་བ




iiif viewer powered by OpenSeadragon

241a - 242a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo