| | e-texts navigator
|
231b1 ཞེས་སློབ་པར་མཛད་དོ།། གལ་ཏེ་དགེ་སློང་རྣམས་ཀྱིས་གསུང་རབ་ཡན་ལག་དགུའི་དོན་མ་མཐོང་ན་ནི་ཐེག་པ་ཆེན་པོའི་མཆོག་འདི་སློབ་པར་མི་མཛད་དོ།། ད་ནི་སྨན་པ་ཆེན་པོ
231b2 བཞིན་དུ་དེ་བཞིན་གཤེགས་པ་གསུང་རབ་ཡན་ལག་དགུ་ལ་དོན་གྱི་བྱ་བ་བྱས་ཟིན་པའི་དགེ་སློང་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱུད་ཕྱི་མ་ལས་དེ་བཞིན་གཤེགས་པའི་སྙིང་པོ་རྟག
231b3 གོ་ཞེས་སྟོང་པར་མཛད་དོ།། དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་སྟོན་པ་ཐོས་ན་སེམས་སྤྱོད་མི་དགོས་པ་འཛིན་པའི་སེམས་ཅན་རྣམས
231b4 ལུའང་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། འདོད་ཆེན་པ་ནི་མ་གཏོགས་སོ།། རིགས་ཀྱི་བུ་དེ་ལྟ་ན་ཡོངས་སུ་མྱ་ངན་ལས་འདྲས་པ་ཆེན་པོའི་མདོ་ཆེན་པོ་འདི་ནི་དེ་ལྟར་བསམ་གྱིས་མི་ཁྱབ
231b5 སྟེ་སྨན་པ་ཆེན་པོ་བཞིན་དུ་སྨན་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ། མདོ་སྡེ་འདི་ནི་མདོ་སྡེའི་རྒྱལ་པོའི་མཆོག་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་གྲུ་ན་སེམས་ཅན
231b6 ཐམས་ཅད་བསྐལ་བའི་ཕྱིར། ཕ་རོལ་གྱི་འགྲམ་ནས་ཚུ་རོལ་གྱི་འགྲམ་དུ་འོང་ཞིང་ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་འགྲོ་བ་དེ་བཞིན་དུ། དེ་བཞིན་གཤེགས
231b7 པའང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་ནས། གྲུ་ཕ་རོལ་ཏུ་འགྲོ་བ་བཞིན་དུ་སེམས་ཅན་རྣམས་སྤེལ་དུ་གཤེགས་ཏེ། གང་དང་གང་ན་གདུལ།
iiif viewer powered by OpenSeadragon
231a - 232a