| | e-texts navigator
|
215a1 གིས་ནི་ཟ་བ་ཕྱེད་ཡིན་པར་འཛིན་ཏེ། ཟླ་བ་བྱེད་དུ་འགྱུར་ཞིང་འཆར་བ་ཡང་མེད། ལྟུང་བའང་མྱེད་དེ། ཐ་བ་ནི་རབ་ཀྱི་རྐྱེན་གྱིས་དེ་ལྟ་སྣང་།།
215a2 རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། འཛམ་བུ་གླིང་ལ་ལར་ནི་ཡོངས་སུ་མྱ་ངན་ལས་འདའ་བ་ལྟ་བུར་སྣང་སྟེ། སེམས
215a3 ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སོ་སྙམ་དུ་འཛིན་ཏོ།། འཛམ་བུ་གླིང་ལ་ལར་ནི་ཟླ་བ་ཚེས་པ་བཞིན་དུ་སྐྱེ་བ་ལྟ་བུར་སྣང་སྟེ། སེམས་ཅན་རྣམས་ཀྱིས
215a4 ཁྱེའུ་འདི་སྐྱེས་སོ་སྙམ་དུ་འཛིན་ཏོ།། ཟླ་བ་ཚེས་གཉིས་དང་འདྲ་བར་ནི་ལྷའི་ཐད་དུ་འགྲོ་བར་འཛིན་ཏོ།། ཟླ་བ་ཚེས་གསུམ་དང་འདྲ་བར་ནི་ཡི་གེ་སློབ་པའི་སར་འགྲོ་བར་འཛིན་ཏོ།།
215a5 ཟླ་བ་ཚེས་བརྒྱད་ལྟ་བུར་ནི་རབ་ཏུ་འབྱུང་བར་སྟོན་ཏོ།། ཟླ་བ་ཉ་བ་ལྟ་བུར་ནི་འོད་ཀྱིས་མུན་པ་བསལ་བ་བཞིན་དུ་བདུད་བྱེ་བ་སྙེད་བརླག་ནས་ལམ་མེར་བཞུགས་སོ།། ཟླ་བ་ནུབ་པ་ལྟ་བུར་ན
215a6 ཡོངས་སུ་མྱ་ངན་ལས་འདའ་བར་སྟོན་ཏེ། ཟླ་བ་གཟའ་རྣམས་ཀྱིས་བསྐོར་བ་བཞིན་དུ་མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་ཏོ།། དེར་ཁ་ཅིག་གིས་ནི་ལྷུང
215a7 བར་འཛིན་ཁ་ཅིག་གིས་ནི་སྐྱེ་བར་འཛིན་ལ། སྐྱེས་པའང་མེད། འགག་པའང་མེད་དེ། དེ་བཞིན་གཤེགས་པ་ནི་ཟླ་བ་ཉ་བ་བཞིན་དུ་དུས་ཐམས་ཅད་དུ་རྟག་པ་ཡིན་ནོ།།
iiif viewer powered by OpenSeadragon
214b - 215b