e-texts navigator
Collection
Volume
Page
Wylie

214a1 མེད་པའོ།། རི་ཞེས་བྱ་བ་ནི་ཐར་པ་ཡིན་ཏེ། རི་རབ་བཞིན་དུ་བརྟན་པའི་ཕྱིར་རོ།། ས་ཞེས་བྱ་བ་ནི་འདུ་བྱེད་རྣམས་སོ།། བྱིས་པ་ཐམས་ཅད་ནི་ས་ལ
214a2 འཁོད་པའོ།། ཤེས་རབ་ཅན་ཞེས་བྱ་བ་ནི་རྫོགས་པའི་སངས་རྒྱས་ཀྱི་དོན་ཏེ། དེ་བཞིན་གཤེགས་པ་ནི་མྱ་ངན་མེད་ཅིང་བརྟན་པའི་ཕྱིར་རོ།། སངས་རྒྱས་ནི་མྱ་ངན་ཅན་གྱི་ནང་ན་མྱ་ངན་མེ
214a3 པ་སྟེ།། སེམས་ཅན་རྣམས་ཀྱི་མྱ་ངན་གྱི་ཟུག་རྔུ་སེལ་བའོ།། གསོལ་པ། གལ་ཏེ་དེ་བཞིན་གཤེགས་པ་མྱ་ངན་ལས་མ་འདས་ན་ནི་ད་དུང་མྱ་ངན་མངའ་སྟེ། རྫོགས་པར་སངས
214a4 རྒྱས་པ་ཞེས་བྱའོ།། བཀའ་སྩལ་པ། རྒྱུ་ཡོད་དེ། གང་ན་གདུལ་བར་བྱ་བ་རྣམས་ཡོད་པ་དེར་ནི་རྫོགས་པའི་སངས་རྒྱས་སྣང་སྟེ་དེར་སྐྱེ་བ་ལྟ་བུར་སྟོན་ཏོ།། དེ་བས་ན་དེ་བཞིན
214a5 གཤེགས་པ་ནི་རྟག་པ་ཡིན་ཏེ། སངས་རྒྱས་བྱ་བ་ནད་དང་ཐལ་མོ་ལྟ་བུ་ཞེས་བྱའོ།། ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ལས
214a6 བམ་པོ་བཅུ་གཅིག་པ། རིགས་ཀྱི་བུ་དཔེར་ན་ཟླ་བ་ནི་ཉེན་པར་སྣང་བ་ན་ཁ་ཅིག་ཏུ་ལྷུང་བ་ལྟ་བུར་སྣང་སྟེ། དེ་ནས་སེམས་ཅན་རྣམས་ཀྱིས་ཟླ་བ་ལྷུང་ངོ་སྙམ་དུ་འཛིན་ཏོ།།
214a7 ཟླ་བ་ནི་མེད་པར་མི་འགྱུར་ཏེ། གླིང་གཞན་དུའངར་བར་འགྱུར་ལ། དེར་ཡང་ཐ་བ་སྐྱེས་པ་མི་དང་།། སེམས་ཅན་རྣམས་ཀྱིས་ནི་ཟླ་བ་ཤར་ཏོ་སྙམ་དུ་འཛིན་ཏེ། ཟླ་བ་ནི་ལྷུང་བ།




iiif viewer powered by OpenSeadragon

213b - 214b

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo