| | e-texts navigator
|
213b1 མོངས་པ་ཡིན་ནོ་ཞེས་དཔེར་རོ།། ཉོན་མོངས་པའི་རྣམ་པའི་འདུ་བྱེད་རྣམས་ཡང་ཡིན་པའི་ཆོས་དེ་བདག་ནི་མི་རྟག་པ་ཞེས་བྱའོ།། དེ་བས་ཆོམ་ཁ་ཅིག་ནི་མི་རྟག་པའོ་ནས་ངས་བསྟན་ཏོ།།
213b2 རྒྱུ་དེས་ནི། ཤེས་རབ་ལྡན་པ་ཀར་འདུག་པ་ཡིས།། བྱིས་པ་ས་ལ་འདུག་པ་ལེགས་པས་མཐོང་།། ཤེས་རབ་ཁང་བཟངས་སྟེ་ན་འདུག་པ་ཡིན།། མྱ་ངན་མེད་ཀྱང་སྐྱེ་དགུ་བྱུང་ན་ཐོས
213b3 ཞེས་བྱ་བ་ལྟ་བུ་སྟེ། དེ་ལྟར་ཉོན་མོངས་པའི་རྣམ་པ་བཅད་ནས་ཤེས་རབ་ཅན་རི་ཀ་ན་གནས་པས་ཉོན་མོངས་པའི་རྣམ་པ་དང་འབྲེལ་བའི་བྱིས་པའི་མཐོང་བ་བཞིན་ནོ།། གསོལ་པ། ཤེས
213b4 རབ་ཁང་ཐོག་མཆིས་པ་གང་དག་ལགས།། མྱ་ངན་མ་མཆིས་གང་ལགས་འཇིག་རྟེན་ན།། མྱ་ངན་མ་མཆིས་མྱ་ངན་འདས་པ་ལ།། མྱ་ངན་དག་ནི་ཇི་ལྟར་མཆིས་པར་འགྱུར།། གལ
213b5 ཏེ་སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ན་བྱིས་པ་རྣམས་ཀྱིས་ཇི་ལྟར་མཐོང་ལགས་ཤེས་རབ་ཀྱི་ཁང་བཟངས་ཀྱི་སྟེང་དུའང་ཇི་ལྟར་བཞུགས་ལགས། མི་རི་ཀ་ན
213b6 མཆིས་པས་ནི་མཐོང་དུ་རུང་སྟེ། འདི་ནི་མཆིས་ན་གདོད་རུང་བ་ལགས་ན་ཡོངས་སུ་མྱ་ངན་ལས་འདས་པས་ཇི་ལྟར་མཐོང་ལགས། བཀའ་སྩལ་པ། ཤེས་རབ་ཀྱི་ཁང་བཟངས་ནི་མྱ་ངན
213b7 ལས་འདས་པའོ།། མྱ་ངན་མེད་པ་ནི་དེ་བཞིན་གཤེགས་པའོ།། མྱ་ངན་གྱི་ཤས་ཆེ་བ་ནི་སྐྱེ་དགུ་རྣམས་ཡིན་ཏེ། དེ་དག་ནི་མྱ་ངན་ཅན་ཡིན་ལ། དེ་བཞིན་གཤེགས་པ་ནི་མྱ་ངན
iiif viewer powered by OpenSeadragon
213a - 214a