e-texts navigator
Collection
Volume
Page
Wylie

198a1 ཡིན་མོད་ཀྱི། ཉོན་མོངས་པའི་རྣམ་པའི་ཉེས་པས་གཞན་དུ་སྣང་བར་འགྱུར་རོ།། དཔེར་ན་ནྱ་མཚོའི་ཆུ་ནི་ལན་ཚྭའི་དོན་གཅིག་པུ་བྱེད་པར་ཟང་མོད་ཀྱི
198a2 ལྡན་ཚྭའི་དོན་གཅིག་པུ་བྱེད་པའོ་ཞེས་བརྗོད་པར་མི་བྱ་སྟེ། རྒྱ་མཚོའི་ནང་ན་འོ་མའི་རྒྱ་མཚོ་ཞེས་བྱ་བའང་ཡོད་དོ།། གངས་ཀྱི་རི་ལའང་སྨན་མོད་པའི་ཕྱིར་ཡོན་ཏན་ལས་སྨོས་ཏེ། གངས
198a3 ཀྱི་རི་ལ་ནི་དུག་ཀྱང་ཡོད་མོད་ཀྱི་འོན་ཀྱང་སྨན་གཙོ་བོར་སྨོས་པ་དེ་བཞིན་དུ་ལུས་འདི་ཡང་དེ་དང་འདྲ་སྟེ། སྦྲུལ་གདུག་པ་ལྟ་བུའི་ཁམས་བཞིའི་དུག་དང་ལྡན་མོད་ཀྱི་སྨན་གྱི་རྒྱལ་པོ
198a4 དེ་བཞིན་གཤེགས་པའི་སྙིང་པོ་དེ་ཡོད་པས་ན། དེ་བཞིན་གཤེགས་པའི་སྙིང་པོ་ཐོག་མ་ནས་བཅོས་མ་མ་ཡིན་པའི་ཁམས་ཡིན་ལ། ཉོན་མོངས་པ་རྣམས་ནི་གློ་བུར་དུ་བྱུང་བ་ཡིན་ཏེ།
198a5 སངས་རྒྱས་སུ་འགྱུར་བར་འདོད་པ་སུའང་རུང་བ་རྣམས་ཀྱིས་ནི་ཉོན་མོངས་པའི་རྣམ་པ་རྣམས་གཞོམ་པར་བྱའོ།། དཔེར་ན་ནམ་མཁའི་ལས་འབྲུག་སྒྲ་གྲག་ན་ཤྲ་མོ་མྱུར་དུ་སྐྱེ་བར་འགྱུར་ལ།
198a6 སོས་ཀ་ན་ནི་ཤ་མའི་མིང་ཡང་མེད་དེ། འབྲུག་སྨྲས་འཐོན་པར་འགྱུར་བ་དེ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོའང་ཉོན་མོངས་པའི་རྣམ་པས་བསྒྲིབས་པས་བདག་མེད་པ་བཞིན
198a7 དུརྣ་མངོཚན་པོ་འ་ཐོམ་པ་གང་ཡིན་པ་དེ་དག་ཡོངས་སུ་མ་ངན་ལས་འདས་པ་ཆེན་པོ་ཐོས་མཐས་། གམ་བཞིན་དུ་བཞིན་གཤེགས་པའི་སྙིང་པ་ཤེས་བསྐྱེ་བར་འགྱུར་རོ།




iiif viewer powered by OpenSeadragon

197b - 198b

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo