e-texts navigator
Collection
Volume
Page
Wylie

197b1 ཏུ་བརྒྱུད་དེ་བྱུང་བའང་ཡིན་ལ། དངོས་པོ་དེ་དག་དང་མགོ་མཉམ་དུ་གཅིག་ནས་གཅིག་ཏུ་བརྒྱུད་དེ་བྱུང་ཞེས་ཀྱང་མི་བྱའོ།། གལ་ཏེ་དངོས་པོ་དེ་དག་དང་མགོ་མཉམ་དུ་མ་བྱུང་ནའང
197b2 དེ་ལྟར་ན་ཡེ་མེད་དམབ་ལས་བྱུང་བའི་ཞུན་མར་ཡང་གཞན་ལས་བྱུང་བ་མ་ཡིན་ལ། རང་བཞིན་ཅན་དེའང་ཐམས་ཅད་ལ་ཡོད་མོད་ཀྱི། འོན་ཀྱང་ཉེས་པས་བསྒྲིབས་པ་དང
197b3 ཕན་ཚུན་འདྲེས་པའི་ཚུལ་དུ་འདུག་པའི་ཕྱིར་མི་མངོན་ཏེ། བའི་ཟས་ཀྱི་ཉེས་པས་འོ་མ་ཁྲག་གི་དྲིང་བ་བྲོ་ལ། བས་ཤིང་ངར་ཟོས་ན་ནི་འོ་མ་མངར་བ་འབྱུང་ངོ་།། རྩ་རོ་ཚ་བ་ཟོས་ན
197b4 ནི་འོ་མ་རོ་ཚ་བ་འབྱུང་ངོ་།། གངས་ཀྱི་རི་ལ་རྩཝའི་རིགས་སུམ་ཅན་ཞེས་བྱ་བ་ཞིག་ཡོད་དེ། བས་དེ་ཟོས་ན་ནི་འོ་མ་མར་གྱི་ཉིང་ཁུའི་རང་བཞིན་ཁོ་ནར་འབྱུང་སྟེ། དཀར་བའང་མ་ཡིན།
197b5 སྔོ་བའང་མ་ཡིན། དམར་བའང་མ་ཡིན། བློ་སྐྱའང་མ་ཡིན་པ། མར་གྱི་ཉིང་ཁུའི་རང་བཞིན་ཁོ་ནར་བྱུང་སྟེ། དེ་ལྟར་རྩཝའི་བྱེ་བྲག་གིས་འོ་མ་མདོག་ངན་པ་དང་། མདོག
197b6 བཟང་པོར་འགྱུར་བ་དེ་བཞིན་དུ། མ་རིག་པ་དང་རིག་པ་གཉིས་སུ་མེད་མོད་ཀྱིས། སེམས་ཅན་རྣམས་ཀྱི་ལས་ཀྱི་ཉེས་པས་རིག་པ་གང་ཡིན་པ་དེ་ཉིད་མ་རིག་པ་ལྟ་བུར་གྱུར་ཏེ། དག
197b7 བ་དང་མི་དགེ་བའི་ཆོས་ཐམས་ཅད་ཀྱང་གཉིས་སུ་མེད་པ་ཁོ་ནའོ།། དེ་བས་ན་སྔར་བསྟན་པ་ཁོ་ན་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་ནི་མར་གྱི་ཉིང་ཁུ་ལྟ་བུའི་རང་བཞིན་ཅན




iiif viewer powered by OpenSeadragon

197a - 198a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo