e-texts navigator
Collection
Volume
Page
Wylie

197a1 བྱའོ།། རིགས་ཀྱི་བུ་བསོད་ནམས་ཐམས་ཅད་བསྡུས་པའི་མདོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཆེན་པོ་ལས། གཉིས་སུ་མེད་པ་ལ་འཇུག་པའི
197a2 སྣང་བ་དེ་ཉིད་ལས་བདག་ཡོད་པ་དང་། བདག་མེད་པ་གཉིས་སུ་མེད་པར་ངས་བསྟེན་པ་དེ་རྗེས་སུ་དྲན་པར་གྱིས་ཤིག།། འཕགས་པ་ཡོངས་སུ་མྱ་ངན་ལས
197a3 འདས་པ་ཐེག་པ་ཆེན་པོའི་མདོ་ལས་བམ་པོ་བཅུ་པ། དཔེར་ན་འོ་མ་ལས་ནོ་འབྱུང་། ཞོ་ལས་མར་བྱུང་། མར་ལས་ནུན་མར་འབྱུང་། ཞུན་མར་ལས་མར་གྱི་ཉིང་ཁྲུ
197a4 འབྱུང་ན། དེ་ལ་ཅི་ཞོ་དེ་འོ་མའི་དངོས་པོ་དང་མགོ་མཉམ་དུ་འབྱུང་ངམ། འོན་ཏེ་ཞོ་རང་ཉིད་འབྱུང་ངམ། དེ་བཞིན་དུ་ཅི་མར་དེ་ཞོའི་དངོས་པོ་དང་མགོ་མཉམ་དུ་བྱུང་ངམ། འོན་ཏེ་མར།
197a5 རང་ཉིད་བྱུང་ངམ། དེ་བཞིན་དུ་ཅི་ཞུན་མར་དེ་མར་གྱི་དངོས་པོ་དང་མགོ་མཉམ་དུ་བྱུང་ངམ། འོན་ཏེ་ཞུན་མར་རང་ཉིད་བྱུང་ངམ། དེ་བཞིན་དུ་ཅི་མར་གྱི་ཉིང་ཁུ་དེ་ནུན་མར་གྱི་དངོས་པོ་དང
197a6 མགོ་མཉམ་དུ་བྱུང་ངམ། འོན་ཏེ་མར་གྱི་ཉིང་ཁུ་རང་ཉིད་བྱུང་ངམ། འོན་ཏེ་སྣུམ་དེ་གཞན་ཞིག་ནས་བྱུང་ངམ། གལ་ཏེ་གཞན་ཞིག་ལས་བྱེད་ན། དེ་ལྟ་ན་གང་ལས་བྱུང་།
197a7 སྟེ་འོ་མ་མེད་པར་ཞོ་བྱུང་ན་ནི། འོ་མ་མི་དགོས་པར་འགྱུར་རོ།། གལ་ཏེ་དེ་ལྟ་ནི་ནི་རང་བཞིན་ཅན་དུ་འགྱུར་ལ། ཞོའི་རྒྱུ་དང་རྟགས་གཉིས་ཀྱང་སྣང་ངོ་།། དེ་བས་ན་གཅིག་ནས་གཅིག




iiif viewer powered by OpenSeadragon

196b - 197b

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo