e-texts navigator
Collection
Volume
Page
Wylie

196b1 སུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་གཉིས་སུ་མེད་པར་ཤེས་མོ་ཞེས་གསུངས་ཏེ། དོན་ཤེས་རབ་ཅན་རྣམས་ཀྱིས་རང་བཞིན་ཡིན་ནོ།། བྱིས་པ་རྣམས་ནི་ཆོས་ཐམས་ཅུང
196b2 ནག་པོ་དང་། དཀར་པོའོ་ཞེས་བྱ་བ་ལ་གཉིས་སུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་གཉིས་སུ་མེད་པར་ཤེས་སོ་ཞེས་གསུངས་ཏེ། དེ་ནི་ཤེས་རབ་ཅན་རྣམས་ཀྱིས་རང་བཞིན
196b3 ཡིན་ནོ།། བྱིས་པ་རྣམས་ནི་ཆོས་ཐམས་ཅད་སྡུག་བསྔལ་བ་དང་བདེ་བ་ཐ་དད་པ་གཉིས་སུ་བསྒོམ་པར་བྱེད་དོ།། ཤེས་རབ་ཅན་རྣམས་ནི་གཉིས་སུ་མེད་པར་བསྒོམ་མོ་ཞེས་གསུངས
196b4 དེནི་ཤེས་རབ་ཅན་རྣམས་ཀྱིས་རང་བཞིན་ཡིན་ནོ།། བྱིས་པའི་བློ་ཅན་རྣམས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་འདུས་བྱས་ཐམས་ཅད་མི་རྟག་པའོ་ཞེས་བསྒོམ་པར་བྱེད་དོ།། ཤེས
196b5 རབ་ཅན་རྣམས་ཀྱིས་ནི་གཉིས་སུ་མེད་པར་ཤེས་སོ་ཞེས་གསུངས་ཏེ། དེ་ནི་ཤེས་རབ་ཅན་རྣམས་ཀྱིས་རང་བཞིན་ཡིན་ན།། ཁྱིམ་པ་རྣམས་ནི་སངས་རྒྱས་ཀྱི་བདོག་མེད་པར་འཛིན་ཏོ།།
196b6 ཤེས་རབ་ཅན་རྣམས་ཀྱིས་ནི་བདག་ཡོད་པ་དང་། བདག་མེད་པར་གཉིས་སུ་མེད་ཤེས་ཏེ། དེ་ནི་ཤེས་རབ་ཅན་རྣམས་ཀྱིས་རང་བཞིན་ཡིན་ནོ།། དེ་བཞིན་གཤེགས་པའི
196b7 དཔག་ཏུ་མང་བ། སངས་རྒྱས་ཀྱིས་བསྔགས་པའི་བམ་རྣམས་ཐམས་ཅད་བསྡུས་པའི་མང་ལ་ས་ངས་བསྟན་ཏེ།། བདག་ཡང་པ་དང་བདག་མེད་པ་གཉིས་སུ་མེད་པ་མཇུ




iiif viewer powered by OpenSeadragon

196a - 197a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo