e-texts navigator
Collection
Volume
Page
Wylie

193b1 རྣམས་ནི་རང་གི་ཡོན་ཏན་དང་འཛུམ་པརའི་བྱ་བ་སྒྲུབ་པར་བྱེད་པ་རིགས་ཀྱི་བུ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོན་གཞིགསུབྲ་ལས་འདས་པར་འགྱུར
193b2 སེམས་དང་ལྡན་པ་ཡིན་ཡིན་ནོ།། དེ་བས་ནི་རྒྱལ་པོའི་བུ་དང་དཔའ་བོ་བཞིན་དུ་མི་འཇིགས་པར་སྙིང་སྟོབས་སྐྱེད་ཅིག་དང་། ངས་གཞི་གསུམ་ཐ་དད་པ་མེད་པ་དང་། གསུམ་གྱི་ནང
193b3 ན་དེ་བཞིན་གཤེགས་པ་དམ་པ་ཡིན་པར་ངས་བསྟན་ཏོ།། ལུས་ཐམས་ཅད་ཀྱི་ནང་ན་མགོ་བོ་གཙོ་བོ་ཡིན་པ་དེ་བཞིན་དུ། སངས་རྒྱས་ཉིད་གཙོ་བོ་ཡིན་ལ། ཇི་ལྟར་ལུས་ལས་མགོ
193b4 གུད་ན་འདུག་པའང་མ་ཡིན། ལག་པ་གུད་ན་འདུག་པའང་མ་ཡིན། རྐང་པ་གུད་ན་འདུག་པའང་མ་ཡིན་པ་དེ་བཞིན་དུ། སངས་རྒྱས་གུད་ན་འདུག་པའང་མ་ཡིན། ཆོས་གུད་ན
193b5 འདུག་པའང་མ་ཡིན། དགེ་འདུན་གུང་ན་འདུག་པའང་མ་ཡིན་ནོ།། འོན་ཀྱང་ཐ་དད་དུ་དབྱེ་བ་ནི་བྱིས་པ་རྣམས་ངེས་པར་བསྒྲལ་བའི་ཕྱིར་ཐོམ་སྐས་དང་འདྲ་བར་བསྟན་པ་ཡིན་ནོ།། ཆོས
193b6 ཀྱི་དྲི་ཁོ་ན་ཉིད་དུ་ན་ནི་གཞི་གསུམ་པོ་ལ་ཐ་དད་དུ་དབྱེ་བ་མ་ལྟ་ཞིག། བྱིས་པ་བཞིན་དུ་རྨོངས་པར་བྱེད་པའི་ཚིག་རྣམས་མ་འཛིན་ཞིག། ཨུར་མོའི་རལ་གྲི་བཞིན་དུ་སེམས་རྣོ་བར་གྱིས་ཤིག
193b7 ཡེ་ཤེས་ཆེན་པོ་དང་ལྡན་པར་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ལ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུངས་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས




iiif viewer powered by OpenSeadragon

193a - 194a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo