e-texts navigator
Collection
Volume
Page
Wylie

191b1 མེད་ལ་ནི་ཇི་ལྟར་མཆི།། སངས་རྒྱས་སྦུབས་སུ་མཆིན་ཡང་།། ཇི་ལྟར་དབུགས་ནི་ཕྱིན་པར་འགྱུར།། ཅི་ཡི་སླད་དུ་མི་རྣམས་ནི།། ཆོས་ལ་སྐྱབས་སུ་མཆི་བར་བགྱིད།།
191b2 ཞིག་གིས་ནི་རང་དགར་འགྱུར།། ཅི་ཞིག་གིས་ནི་མི་འགྱུར་ལགས།། དགེ་འདུན་ལ་ནི་སྐྱབས་མཚོན།། སྐྱབས་གསུམ་མཆོག་ཏུ་ཇི་ལྟར་འགྱུར།། མ་འོངས་པ་ན་སངས་རྒྱས་ཉི་བ
191b3 ཡང་དག་བདེན་པར་ཇི་ལྟར་ཐོབ།། ཕྱི་མའི་དོན་དུ་སྐྱབས་ཀྱི་གཞི།། གསུམ་པོ་དག་ཀྱང་ཇི་ལྟ་བུ།། ཐེམ་སྐོས་ལྟ་བུར་བདག་གིས་མཐོང་།། ཡེ་ཤེས་གུད་ན་གཞན་མ་མཆིས།
191b4 བྲུ་སྐྱེས་པ་ནི་མ་མཆིས་པར།། བུ་ཞེས་ཀྱང་ནི་ཇི་སྐད་བགྱི།། བུ་ཆགས་ན་ནི་སྒྱུ་འགྱུར་ཏེ།། བསམ་དང་ལས་ཀྱི་དོན་ཀྱིས་མཆིས།། ཐུབ་པ་ཁྱོད་ནི་ཅི་གསུང་བ།
191b5 མཽང་རྣམས་ཀྱིས་མི་རྟོགས་ཏེ།། འཁོར་བའི་བཙོན་ར་ཐམས་ཅད་ཀྱང་།། འཁོར་ལོ་གཅིག་ཏུ་འཁྱམ་པར་འགྱུར།། དེ་བྱིར་དེ་དག་མིང་ཙམ་གྱི།། དགེ་བསྙེན་དུ་ཡང་མི་འགྱུར
191b6 ལགས།། ཐུབ་པ་བདག་ལ་བྱེ་སྟེ་གསུས།། ཐེ་ཙོམ་མྱུང་དུགཅད་པར་བསོལ།། ཡེ་ཤེ་ས་མོ་ལྡན་དེ་བཞིན་གཤེགས།། དགོངས་པ་ཅི་འདྲ་བ་སྟན་དུགས། བཅོམ་ལྡན
191b7 འདས་ཀྱིས་བཀའ་སྩལ་པ།། བྱང་ཆུབསེམས་དཔའ་སེམས་དཔའི་ཚེ།། འོད་སྲུངས་ཆེན་པོ་དམ་པ་མཆོག། དགོངས་པ་དེ་ཡང་བསྟན་པར་བྱ།། རྒྱང་གྱི་ཙམ་གཅས་ཀྱི།




iiif viewer powered by OpenSeadragon

191a - 192a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo