| | e-texts navigator
|
182b1 འགྱུར་རོ།། གང་གི་ཚེང་བཞིན་གཤེགས་པ་དག་པར་ཤེས་པ་དེའི་ཚེན་ཡིག་འབྲུ་གཉིས་པ་དེ་ལྟ་བུར་ཐོས་ཀྱང་རུང་ཏེ། བདེ་འགྲོར་འགྲོ་བར་འགྱུར་རོ།། དེ་ནས་ཐར་པའང་ཐོབ་པར་འགྱུར་རོ།།
182b2 དེས་ན་འདི་ནི་རྫུ་འཕྲུལ་གྱི་བདེ་བ་ཡིན་ནོ་སྙམ་དུ་རང་གིས་རྟོགས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་རྟག་ཅེས་བྱ་བ་ཐོས་པ་ཙམ་གྱིས་རྒྱུ་དེས་ན་བདག་འདིར་འོངས་སོ།། དེ་བཞིན་གཤེགས་པ
182b3 རྟག་པར་མ་ཤེས་ཀྱི་བར་དུ་ནི་ཡུན་དེ་སྲིད་ཀྱི་བར་དུ་བདག་སྡུག་བསྔལ་རྣམས་ཀྱི་ནང་དུ་འཁོད་དོ།། ད་ནི་སྡུག་བསྔལོ་ཤེས་སོ་ཞེས་བྱ་བ་འདི་ནི་བདེན་པ་ཡིན་ནོ།། གཞན་དག་ནི་སྡུག་བསྔལ་བསྒོམ
182b4 པའི་དོན་མེད་པའོ།། འདི་ནི་སྡུག་བསྔལ་ཀུན་འབྱུང་བའི་ཞེས་བྱ་བ་ནི་ཆོས་ཀྱི་དེ་ཁོ་ན་ཉིད་ལ་དེ་ཁོ་ཉིད་ལ་དགོས་པའི་ཕྱིར་བྲན་དང་བྲན་མོ་ལ་སོགས་པ་རྫས་ངན་པ་དུ་མ་ལེན་པར་བྱེད་ཅིང་། རྒྱས
182b5 མ་ཡིན་པ་ལ་ཆོས་ཡིན་ནོ་སྙམ་དུ་འཛིན་ཏེ། དམ་པའི་ཆོས་ནུབ་པར་བྱེད་ཅིང་། དམ་པའི་ཚེ་མི་སྣང་བར་བྱེད་པར་འགྱུར་ཏེ། དམ་པའི་ཆོས་གནས་པར་བྱ་བའི་ཐབས་མི་ཤེས་པས་འདི་ལྟར་འཛིན་ཏེ། དམ་པའི་ཆོས་འཇིག
182b6 པར་འགྱུར་ཞེས་བྱ་བ་མེད་དོ་སྙམ་ནས། དེའི་འབྲས་བུས་འཁོར་བའི་སྡུག་བསྔལ་རྣམས་ཀྱི་ནང་དུ་ཡོངས་སུ་འཁྱམ་མོ།། དེ་ནས་མཐོ་ས་དང་ཐར་པ་ཐོབ་པར་འགྱུར་ཏེ། མཐོ་རས་དང་ཐར
182b7 ཐོབ་པའི་སྡུག་བསྔལ་ཀུན་འབྱུང་བའི་དེ་ཁོན་ཉིད་བདག་གིས་མ་ཤེས་པས་རིམ་པའི་ཆོས་འཇིག་པའི་རྒྱུར་གྱུར་ཏེ། ཉེས་པར་སྨྲས་པའི་ཚིག་གིས་ཡུན་འདི་སྲིད་ཀྱི་བར་དུཙུན་མོངས་པར་གྱུར་ཏོ།།
iiif viewer powered by OpenSeadragon
182a - 183a