| | e-texts navigator
|
181a1 འབྱུང་། གལ་ཏེ་སེམས་སྐྱེས་ནས་ཡང་ཕྱིར་གཞིལ་བར་བྱའོ་ཞེས་ཟེར་བ་དེ་ལྟ་བུའི་ཆོས་ཀྱི་སྒོ་ན་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་། འདུལ་བ
181a2 ཡིན་པར་རིག་པར་བྱའོ།། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་མཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ།། སངས་རྒྱས
181a3 ཀྱིས་གསུངས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། དཔའ་བོའི་འདུག་སྟངས་དང་། མི་སྨྲ་བར་འདུག་པ
181a4 དང་ག་ཡང་སར་མཆོང་བ་དང་། དུག་ཟ་བ་དང་། སྨྱུང་བར་འདུག་པ་དང་། བདག་ཉིད་འཆིང་བར་བྱེད་པ་དང་། བདག་ཉིད་གསོད་པར་བྱེད་པ་དང་ཞེ་ནོམ་བྱེད་དུ་འཇུག
181a5 པ་དང་། རིག་སྔགས་དང་། གསང་སྔགས་ཟློས་པ་དང་། སྐྲུན་པའི་ལས་བྱེད་པར་བཅོམ་ལྡན་འདས་ཀྱིས་གནང་ངོ་།། གདོལ་པའི་བུ་དང་། མ་ནིང་དང་། མཚན།
181a6 གཉིས་པ་དང་། ཡན་ལག་ཉམས་པ་ཐམས་ཅད་རབ་ཏུ་འབྱུང་བར་བཅོམ་ལྡན་འདས་ཀྱིས་གནང་ངོ་།། དེ་བཞིན་གཤེགས་པས་ནི་བའི་བཅུད་རྣམ་པ་དང་། སྦྲང་རྩི་དང་། འབྲུ
181a7 མར་ལ་སོགས་པ་དང་། ཟ་བ་དར་དང་། དུང་དང་། ལྷམ་དང་། འབྲུ་ལ་སོགས་པ་སྤངས་ཏེ། ཤིང་ངོ་ཅོག་ལ་སྲོག་དང་འདུ་ཤེས་ཡོད་པར་གཟིགས་ན། ཡོངས་སུ་མྱ་ངན
iiif viewer powered by OpenSeadragon
180b - 181b