| | e-texts navigator
|
179b1 དང་དགེ་སློང་མང་པོ་དག་བདག་གི་འཁོར་དུ་འགྱུར་ལ། འདི་ལས་ཕྱི་རོལ་པ་དག་ཀྱང་དགེ་བསྙེན་དུ་འགྱུར་རོ།། ཚུལ་ཁྲིམས་འཆལ་པ་རྣམས་ཀྱང་ནུམ་པར་འགྱུར་རོ།། དེ་ནས
179b2 བདག་གིས་དམ་པའི་ཆོས་ཀྱང་དབྱུང་བར་བྱའོ།། དེ་བཞིན་གཤེགས་པའི་ཆེ་བ་རྣམས་ཀྱང་བསྟན་པར་བྱའོ།། ཤིན་ཏུ་རྒྱས་པའི་མདོ་སྡེ་རྣམས་ཀྱང་བསྒྲག་པར་བྱའོ།། སེམས་ཅན
179b3 ཐམས་ཅད་ཀྱང་ངེས་པར་བསྒྲལ་བར་བྱའོ།། འདུལ་བ་དང་འདུལ་བ་མ་ཡིན་པའི་བྱེ་བྲག་ཀྱང་ཕྱེད་པར་བྱའོ།། བདག་ལ་སངས་རྒྱས་སུ་འགྱུར་བའི་ས་བོན་དེ་བཞིན་གཤེགས་པའི་སྙིང་པོ
179b4 ཞེས་བྱ་བ་ཡོད་དེ། བདག་གིས་སངས་རྒྱས་ཐོབ་པར་འགྱུར་རོ།། བདག་གིས་ཉོན་མོངས་པའི་རྣམ་པ་རྣམས་རྣམ་པར་གཞོམ་པར་བྱའོ།། དགེ་བསྙེན་ཁྱེད་རྣམས་ལའང་སངས་རྒྱས་ཀྱི
179b5 ཁམས་ཡོད་དེ། བདག་ཅག་ཀུན་ཀྱང་སངས་རྒྱས་སུ་འགྱུར་ཞིང་། དེ་བཞིན་གཤེགས་པའི་ས་ཐོབ་པར་འགྱུར་རོ།། ཉོན་མོངས་པའི་རྣམ་པ་རྣམས་ཟད་པར་བྱའོ་སྙམ་དུ་སེམས་པ་དེ་ལྟ་བུ།
179b6 ནི་དམ་པའི་ཆོས་ཀྱི་རྟོག་པའི་སྒོ་ནས་བྱང་ཆུབ་སེམས་དཔའ་ཡིན་ཏེ། མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པ་བྱུང་བ་མ་ཡིན་ནོ་ཞེས་ང་ཟེར་རོ།། ཉེས་བྱས་ཀྱི་ཉེས་པ་བྱུང་བས་ཀྱང་སུམ་ཅུ
179b7 གསུམ་པའི་ལྷ་རྣམས་ཀྱི་ལོ་གྲངས་པའི་ཀྱང་ལྷག་པར་ལོ་བརྒྱད་ཁྲིའི་བར་དུ་སེམས་ཅན་དམྱལ་བར་བཅོས་པར་འགྱུར་ན། ཉེས་པ་སྦོམ་པོ་ལྟ་ཅི་སྨོས་ཏེ། ཐེག་པ་ཆེན་པོ་འདི་ལ་ནི་ཉེས་པ
iiif viewer powered by OpenSeadragon
179a - 180a