| | e-texts navigator
|
177b1 གཅིག་གིས་དམའ་བ་ཉེས་པ་སྦོམ་པོའི་སྐྱོན་གང་ཡིན་པ་དེའང་མི་བཟང་བ་མ་ཡིན་ཏེ། འདུལ་བ་འཛིན་པ་མང་པོ་རྣམས་ཀྱིས་བརྫུན་དུ་སྨྲས་མོད་ཀྱི། དེ་ནི་མི་བརྩན་ནོ་ཞེས་དེ་བཞིན་གཤེགས་པས
177b2 གསུངས་སོ་ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་དང་། འདུལ་བ་ནི་བདུད་ཀྱིས་སྨྲས་པ་ཡིན་པར་རིག་པར་བྱའོ།། བསླབ་པའི་གནི་ཐམས་ཅད་ཀྱི་ནང་ན་ནི་ཉེས་བྱས་རླུང་བ་ཡིན་ལ། དེ་ལྟར་ཆུང
177b3 བའི་ཉེས་བྱས་བྱུང་དུ་ཟིན་ཀྱང་། བདག་མ་བྱུང་ངོ་ཞེས་སྙམ་པར་བྱེད་དེ། ཉེས་པ་བྱུང་བ་རུས་སྤྲུལ་བཞིན་དུ་སྦེད་པར་བྱེད་པ་དེ་ལྟ་བུའི་གང་ཟག་ལ་བསྟེན་པར་མི་བྱའོ།། བརྫུན་དུ་སྨྲ་བའི་ཆོས
177b4 གཅིག་འགོལ་བར་བྱས་པའི་སྐྱེ་བོ་འཇིག་རྟེན་ཕ་རོལ་སྤངས་ན་མི་བྱ་བ་ཅིའང་མེད་དེ། མི་བྱ་བའི་བག་ཅིའང་མི་སྟེན་པ་མེད་ཅེས་བྱ་བའི་དོན་ཏོ།། སངས་རྒྱས་ཀྱི་བསྟན་པ་ནི་དེ་ལྟར་ཆ་ཕྲ་བ་ཡིན་ན།
177b5 ཉེས་པ་མི་སྡོམ་པར་ལྟ་ག་ལ་མཛད། གལ་ཏེ་དེ་ཙམ་ཡང་སྡོམ་པར་མི་བྱེད་པ་ནི་མཆོག་ཏུ་མ་བསྡམས་པ་ཡིན་ནོ།། ཅི་ཞིག་བཟུང་སྟེ་ཚུལ་ཁྲིམས་བསྲུང་ཞེ་ན། སངས་རྒྱས་ཀྱི་ཁམས་ཡོད་ལ།
177b6 གསུང་རབ་ཡན་ལག་དགུའི་ཚུལ་གྱིས་སངས་རྒྱས་སུ་འགྱུར་བའི་རྟོག་པ་གཅིག་པུས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་དོ་ཞེས་བྱ་བ་དང་། ཤིན་ཏུ་རྒྱས་པ་ལས་བདག་མེད་པའི་མཆོག
177b7 ཡོད་དོ་ཞེས་སྨྲ་བ་ནི་གསུང་རབ་ཡན་ལག་དགུའི་ཚུལ་གྱིས་མདོ་སྡེ་སྤོང་བ་མ་ཡིན་ནོ།། གཞན་དུ་ན་ནི་དེ་ལྟར་འགྱུར་རོ།། གསོལ་པ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་མཆིས
iiif viewer powered by OpenSeadragon
177a - 178a