e-texts navigator
Collection
Volume
Page
Wylie

166b1 དྷཱ་མ་ཐུག། རྒྱུན་པ་ནྟུ། གནན་པ་བརྙ་ཡིན་པ་ན་འདུ་ས་ང་ཤཱ་ས་ཀླུགསས་མས་དུ་གགས
166b2 ཀཱི་རི་ལས་བྱུང་བའི་སླ་བཞིན་དུ་དག་པར་མ་གྱུར་གྱི་པོར་དུགས་ཚན་ཆེན་བགས་པ་ཙམ་ལ་ཡོད་བ་སྨྲན་བྱག་མི་བྱའོ།། དེ་དག་ལ་སྦྱིན་དུའང་སྦྱིན་པར་མི་བྱུག། གསོལ་པ། བཛུམ་ལྡན
166b3 ལེགས་ལགས་སོ།། ལེགས་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་འདི་ནི་ལེགས་པར་གསུངས་པ་ལགས་ཏེ། དེ་རྡོ་རྗེ་རིན་པོ་ཆེ་བཞིན་དུ་སྤྱི་བོར་གནོན་པར་འཚལ་ལོ།།
166b4 འདི་ལ་བཅོམ་ལྡན་འདས་ཀྱིས་གསུངས་པ། དགེ་སློང་དག་བཞི་པོ་འདི་དག་ནི་རྟེན་བཞི་ཡིན་ཏེ། བཞི་གང་ཞེ་ན། དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ཆོས་ཉིད་ཡིན་གྱི། གང་ཟག་མ་ཡིན་ནོ།།
166b5 དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ངེས་པའི་དོན་ཡིན་གྱི་དྲང་བའི་དོན་མ་ཡིན་ནོ།། དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ཡེ་ཤེས་ཡིན་གྱི། རྣམ་པར་ཤེས་པ་མ་ཡིན་ནོ།། དགེ་སློང་དག་ཁྱེད་ཀྱི་རྟེན
166b6 ནི་དོན་ཡིན་གྱི། ཡི་གེ་མ་ཡིན་ནོ།། བདག་ཅག་ལ་ནི་རྟེན་བཞི་པོ་འདི་དག་ཚང་མ་ཡིན་གྱི། གང་པག་བཞི་པོ་རྣམས་ཚད་མ་མ་ཡིན་ནོ་ཞེས་བགྱི་བ་ལེགས་པར་གསུངས་སོ།། བཀའ
166b7 པ། ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའོ།། དེ་བཞིན་གཤེགས་པ་ནི་རྟག་པ་དང་། བརྟན་པ་དང་། ཟེར་ཟུག་པའོ་ཞེས་བྱ་བ་འདི་ན་མས




iiif viewer powered by OpenSeadragon

166a - 167a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo