e-texts navigator
Collection
Volume
Page
Wylie

164b1 རླུང་སྟེན་མ་སྐྱོན་ཅན་དུ་མ་གྱུར་བ་དང་། ཡོན་ཏན་གྱི་འབྲས་བུ་གསལ་བར་མསྦྱར་གྱི་བར་དུ། འདི་ནི་འབྲུའོ།། འདོན་འབྱུངན་པ་འོགས་པ་བྱ་ད་ས་བུ་གའི་མིག་གིས་རྟོགས་པ་སངས་།།
164b2 དེའི་དུས་ཀྱི་བར་སྐབས་སུ་ནི་ནིང་བཞིན་དུ་དགེ་འདུན་གྱི་གྲངས་སུ་མགོ་མཉམ་དུ་རྫི་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཞིང་གི་སྐྱོན་ནི་ཞིང་གི་རྡོ་ཡིན་ལ། དགེ་འདུན་གྱི་སྐྱོན་ནི་གཞི་ཆེན
164b3 པོ་བརྒྱད་ཡིན་པའི་ཕྱིར་རོ།། ཉེས་པའི་མཆོག་སྦྲུལ་གདུག་པ་ལྟ་བུ་དང་བྲལ་བའི་དགེ་འདུན་ནི་ཞིང་ཞེས་བྱ་སྟེ། དགེ་སློང་སུའང་རུང་ཞིང་རྣམ་པར་དག་པ་ལྟ་བུར་གྱུར་པ་དེ་ནི་ལྷོ་བཞིན་དུ་མཆོད
164b4 པར་བྱ་བ་དང་ཡོན་གནས་སུ་བྱ་བ་ཡིན་ནོ།། འབྲས་བུར་གྱུར་པ་དེའི་སྔ་རོལ་ཏུ་ནི་ཤའི་མིག་གིས་སྐྱོན་དང་ཡོན་ཏན་རྟོགས་པར་མི་ནུས་སོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་གྲོང་གིས་ཁོར་ཅིག
164b5 གི་ནང་ན་ཤིང་ཀ་ར་ཀ་མང་པོའང་ཡོངདེའི་རླུང་ན་ཤིང་རྟེན་ཏུ་ཀ་གཅིག་ཀྱང་ཡོད་ལ། ཏེན་ཏུ་ཀྭའི་ཤིང་དེ་ལ་འང་འབྲས་བུ་ཡོད། ཀ་ར་ཀའི་ཤིང་དེ་དག་ལའང་འབྲས་བུ་ཡོད་པ་ལས
164b6 དེ་ནས་བུ་མོ་གཞོན་ནུ་དབུལ་མོ་ཤིང་ཐོག་ཐུ་བ་ཞིག་གིས་རྟེན་ཏུ་ཀྭའི་འབྲས་བུ་བཏུས་ནས། ཀ་ར་ཀའི་འབྲས་བུའང་དེའི་བཅུ་འགྱུར་ཙམ་དུ་བཏུས་ཏེ། ཏན་ཏུ་ཀའི་འབྲས་བུ་ཡིན་ནོ་སྙམ་ནས།
164b7 དེ་རྣམས་ཀྱིས་སྐོན་པོ་བཀང་སྟེ། གྲོང་དེ་ཉིད་དུ་འཚོང་བར་བྱེད་ལ། དེ་ནས་བྱིས་པ་རྣམས་ཀྱིས་འབྲས་བུ་རྣམ་པ་གཉིས་ཀ་ཏེན་ཏུ་ཀའི་འབྲས་བུ་ཡིན་ནོ་སྙམ་ནས། ཉོས་ཏེ་ཟོས་པ




iiif viewer powered by OpenSeadragon

164a - 165a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo