| | e-texts navigator
|
164a1 བྱེད་དོ།། ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས་བམ་པོ་བརྒྱད་པ།། གསོལ་པ།། བཅོམ
164a2 ལྡན་འདས་ཀྱིས་ཨ་མྲའི་འབྲས་བུ་རྣམ་པ་བཞི་ལྟ་བུའི་མདོ་ལས་གསུངས་པའི་ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་དེ་ཇི་ལྟར་རྟོགས་པར་བགྱི་ལགས། བཀའ་སྩལ་པ།། རིགས
164a3 ཀྱི་བུ་ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་ནི། ཡོངས་སུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ཆེན་པོ་ལས་རྟོགས་པར་བྱའོ།། གསོལ་པ། ཇི་ལྟར་རྟོགས་པར
164a4 བགྱི་ལགས། བཀའ་སྩལ་པ། ཁྱིམ་བདག་ཞིང་པ་ལ་ལ་ཞིག་གིས་འབྲས་སཱ་ལུ་དང་། འབྲུ་དང་། ཁྲེ་རྒོད་ཀྱི་ཞིང་ལ་ཐོག་མ་ཁོ་ནར་ཞིང་གི་རྡོ་དྲང་། སྐེ་ལོང་མ་རྣམས་གསལ་དེ
164a5 དག་པར་བྱས་པ་དེ་ལ་དེ་ཕྱིན་ཆད་ནས་ནམ་འབྲས་བུར་མ་གྱུར་གྱི་བར་དུ། ཤའི་མིག་གིས་ཞིང་གི་གྲངས་སུ་རྩི་བར་བྱེད་ལ། འབྲས་བུར་གྱུར་པའི་ཚེ་ན། ཕུབ་མ་དང་། ཁོང
164a6 སྦྱོང་དང་། འབྲས་བུ་དང་། སྙིང་པོའི་བྱིབྲག་དང་། འདིནི་འབྲུ་ཡིན་ནོ།། འདིན་འབྲུམ་ཡིན་ནོ་སྙམ་དུ་ཡང་དག་པར་ཤེས་པ་དེ་བཞིན་དུ།། གཞི་ཆེན་པོ་བརྒྱད་ནི་དགེ་འདུན་གྱི
164a7 སྦྱིན་ཡིན་ཏེ། དེ་རྣམས་ཤིང་གི་རྗེ་ས་སོང་བཞིན་དུ་བྱས་ལ་ནས། དེའི་འོག་ཏུ་གའི་མིག་གིས་དགེ་འཛིན་གྱི་ནང་དུ་ཚུལ་ཁྲིམས་ད་ངབལྡན་པའི་དགེ་སློང་གི་གྲངསས་ཀྱི་བར་བྱེད་།། སུ
iiif viewer powered by OpenSeadragon
163b - 164b