e-texts navigator
Collection
Volume
Page
Wylie

163b1 རྫོགས་པ་རུང་མ་འོན་ཏེ་མི་རུང་ལགས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བུ་རིགས་ཀྱི་བུ་དེ་སྐང་མ་ཟེར་ཅིག་དེ་ཉིད་དེ་དག་གིས་བསྙེན་པར་རྫོགས་པ་སྦྱིན་ཏེ
163b2 དེ་དག་གི་ཉེས་པ་གང་དང་གང་བཤགས་པ་དེ་དག་ནི་བཤགས་པ་བཟོས་པ་ཡིན་ནོ།། རིགས་ཀྱི་བུ་དཔེར་ན་རྫིང་རྙིང་པ་རལ་པའི་ཆུ་ནི་ཐམས་ཅད་ཟགས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན
163b3 སྐྱེ་བོ་ཆོས་བཞིན་དུ་བྱེད་པ་རྣམས་ནི་འགྲིབས་སྐྱེ་བོ་ཆོས་བཞིན་དུ་མི་སྲིད་པ་རྣམས་ནི་འཕེལ་བའི་ཕྱིར་རོ།། གལ་ཏེ་རྫིང་དེ་ལ་ལ་ཞིག་གིས་ཕྱིར་བཅོས་ན་ནི། དེས་ན་དེའི་ནང་ནས་ཆུ་འཛག
163b4 པར་མི་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་མེད་པའི་ཕྱིར་དང་། དགེ་འདུན་གྱི་བསྒྲུབ་པ་ཉམས་པའི་ཕྱིར་དང་། ཐེག་པ་ལ
163b5 གཡེལ་བ་ཡོངས་སུ་འཕེལ་བའི་ཕྱིར། གཡེལ་བ་རྣམས་དང་ལྷན་ཅིག་ཏུ་བསྙེན་པར་རྫོགས་པ་དང་། སྐབས་འབྱེད་པ་དང་། གསོ་སྦྱོང་དང་ཟིལ་མོ་སྦྱར་བས་གདུང་བའི་ལས་བྱེད་པས
163b6 རྫིང་ཟགས་པ་བཞིན་དུ། ཚུལ་ཁྲིམས་དང་། ཆེ་གཟགས་པར་འགྱུར་མོད་ཀྱི་རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དམ་པའི་ཆོས་འབྱིན་པར་འདོད་པ་ཚུལ་ཁྲིམས་དང་ལྡན་པ་མི་ནི་རྫིང
163b7 བཅོས་པ་བཞིན་དུ་དེ་ཉིད་བསྙེན་པར་རྫོགས་པ་ཡིན་ཏེ། དྲི་མ་མེང་བ་དང་བཤགས་པས་བདག་ཉིད་དག་པར་བྱས་ནས་མདོ་སྡེ་དང་འདུལ་བའི་དེ་ཁོ་ན་ཉིད་ཀྱིས་རྫིང་བཅོས་པ་བཞིན་དུ་ཆོས་པར




iiif viewer powered by OpenSeadragon

163a - 164a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo