| | e-texts navigator
|
162b1 པ་བྱེད་པའི་ཆང་པས་བཅད་དོ།། དེ་ལྟར་བྲམ་ཟེ་དེས་རྒྱལ་སྲིང་སླར་བཙུགས་ཏེ། གདོལ་པ་དེ་སྤྲུགས་ན། དབྲམ་ཟེ་ལས་ཉམས་པར་ཡང་མགྱུར་ལ། ཟླུམ་ཟེ་ཀྱིམ་པ
162b2 རྣམས་ཀྱང་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ནོ་ཞེས་ཟེར་ཞིང་དེ་ལ་ལེགས་སོ་ལེགས་སོ་ཞེས་བྱས་ཏེ། མཆོད་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང
162b3 འདས་པའི་འོག་ཏུ་དམ་པའི་ཆོས་འབྱུང་བའི་དོན་དུ་ཐབས་ཅིའང་བྱེད་དེ། རྫས་ངན་པ་ལ་འདུན་ཅིང་སྤྱོད་པ་ངན་པ་དང་ལྡན་པའི་དགེ་འདུན་གྱི་ནང་དུ་ཚུལ་ཁྲིམས་འཆལ་པ་དག་དང་ཚུལ་མཐུན་པའང
162b4 སྟོན་ཏེ། ཚུལ་ཁྲིམས་འཆལ་བ་དེ་རྣམས་ཀྱི་ཆོས་གོས་དང་། གླེགས་པ་མ་དང་། ཡོ་བྱད་དེ་རྣམས་དེ་དག་ལས་ཕྲོགས་ནས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་སྦྱིན་པར་གང་གིས
162b5 ནུས་པ་དང་། བསྒྲུབ་པ་དང་། གཙོ་བོ་དང་། འབྲུ་བསྡུ་བའང་བསྟེན་ཏེ། རུང་བ་མ་ཡིན་པ་བརྒྱད་ཀྱི་དངོས་པོ་ལེན་པར་བྱེད་པ་རྣམས་མེད་པར་བྱེད་པ་གང་གིས་ནུས་པ་དང་། བྲམ་ཟེས
162b6 གདོལ་པའི་རྒྱལ་པོ་ལ་བྱས་པ་བཞིན་དུ་དེ་དག་དང་ལྷན་ཅིག་ཏུ་སྐབས་དབྱེ་བ་དང་། གསོ་སྦྱོང་དང་། ཐལ་མོ་སྦྱར་བས་བཏུད་པའི་ལས་བྱེད་ཅིང་འགལ་བ་བྱེད་པ་ཚར་གཅོད་པར་གང་གིས་ནུས
162b7 པ་དང་། གཡེལ་བ་རྣམས་ཀྱང་དགེ་པའི་དགེ་འདུན་དུ་བསྒྱུར་ཞིང་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར། ཐེག་པ་ཆེན་པོའི་མདོའི་སྡེ་ཚན་སྟོན་པར་གང་གིས་ནུས་པའི་བྱང་ཆུབ་སེམས་དཔའ་སེམས
iiif viewer powered by OpenSeadragon
162a - 163a