| | e-texts navigator
|
160b1 ནི་དཔྱད་འཚལ་ལགས་སོ།། དེ་མ་ལགས་ན། དེ་ལྟར་བགྱིས་ཀྱང་དམ་པའི་གནས་སུ་འགྱུར་ལགས་སོ།། བཅོམ་ལྡན་འདས་དགེ་སློང་ཚུལ་ཁྲིམས་དང་ལྡན་རྣམས་བསླུ་བར་མཛད
160b2 ལགས་སམ། འདི་ལ་ནོངས་པ་མང་དུ་མཆིས་ལགས་ན། བཅོམ་ལྡན་འདས་ཀྱིས་མདོ་མང་པོ་དག་ལས་ཚུལ་ཁྲིམས་འཆལ་པ་རྣམས་ཆད་པས་བཅང་བར་བཀའ་སྩལ་ན་ཅི་ལགས
160b3 བཞིན་གཤེགས་པས་འདིར་དགོངས་ཏེ་གསུངས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་ནམ་ཡང་ན་གཞོན་ཡང་རུང་།། གང་ལས་ཆོས་ནི་རྟོགས་འགྱུར་བ།། དབང
160b4 ཆེན་ལྷ་ལ་བྱ་བ་བཞིན།། དེ་ལ་བཀུར་སྟི་ཕྱག་ཀྱང་བྱ།། ཞེས་བྱ་བ་ནི། མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་ངས་བསྟན་པ་ཡིན་གྱི། ཉན་ཐོས་ཀྱི་ཐེག་པ་པ
160b5 རྣམས་ཀྱི་ཕྱིར་དེ་སྐད་བསྟན་པ་ནི་མ་ཡིན་ནོ།། རིགས་ཀྱི་བུ་ངས་སྔར་བསྟན་པའི་དམ་པའི་ཆོས་ནུབ་པའི་དུས་དང་། ཚུལ་ཁྲིམས་དང་ལྡན་པ་འགྲིབ་པའི་དུས་དང་། ཚུལ་ཁྲིམས་འཆལ་བའི
160b6 ཕྱོགས་རྣམ་པར་འཕེལ་བའི་དུས་དང་། ངེས་པར་གྲོལ་བ་དང་། ཆགས་པ་མེད་པ་ཟད་པའི་དུས་དང་། བྲན་དང་བྲན་མོ་ལ་སོགས་པ་རྫས་ངན་པ་དུ་མ་ཡོངས་སུ་འཛིན་པར་བྱེད་པའི་དུས་ན
160b7 སྐྱེས་བུ་བཞིའི་ནང་ནས་གཅིག་ཙམ་ཡང་བྲན་དང་བྲན་མོ་ལ་སོགས་པ་རྫས་ངན་པ་དུ་མ་ཡོངས་སུ་འཛིན་པའི་དགེ་འདུན་གྱི་ནང་དུ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། དེ་རྣམས་ཀྱིས་རུང་བ་དང་།
iiif viewer powered by OpenSeadragon
160a - 161a