| | e-texts navigator
|
152a1 ཏོ།། དོན་གཞན་ཡང་རྒྱས་པར་བྱེད་དེ། མི་སྐྱེ་བའི་ཆོས་ལ་བཟོད་པའི་ལུང་བསྟན་པས་བསྟན་པ་དང་། བདག་ཉིད་ཀྱིས་ཇི་ལྟར་ནུས་པའི་གཟུགས་དང་། ཇི་ལྟར
152a2 འདོད་པའི་གཟུགས་མངོན་པར་སྤྲུལ་པར་བྱེད་པ་དང་། གང་གིས་ལུས་ཀྱིས་སངས་རྒྱས་སུ་འགྱུར་བར་འདོད་པ་དེའི་ལུས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས
152a3 རྒྱས་སུ་འགྱུར་བར་བྱེད་དེ། ཡོན་ཏན་འདི་རྣམས་དང་ལྡན་པ་ནི་དགྲ་བཅོམ་པ་ཞེས་བྱ་སྟེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ལ་གང་ཟག་བཞི་པོ་འདི་རྣམས་སྐྱེ་བོ་མང་པོ་ལ
152a4 ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་འཇིག་རྟེན་དུ་འབྱུང་ངོ་།། དེ་དག་ནི་དེ་བཞིན་གཤེགས་པ་བཞིན་དུ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཡིན་ཏེ། བཞི་ཅར་ཡང་སྐྱེས་བུ་ཚད་མ་ཡིན་ནོ།།
152a5 རྟེན་དུ་གྱུར་པ་ཡིན་ནོ།། གསོལ་པ། གང་ཟག་བཞི་པོ་དེ་དག་ནི་བདག་གི་ཚད་མའང་མ་ལགས། དེ་དག་ནི་རྟེན་དུ་གྱུར་པའང་མ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན
152a6 འདས་ཀྱིས། ཁྱིམ་བདག་གདངས་ཅན་ལས་བརྩམས་ཏེ་བདུད་ཚར་བཅད་པར་བཀའ་སྩལ་པའི་ཚེ། གལ་ཏེ་ལྷ་འམ། བདུད་དམ། ཚངས་པའང་རུང་སྟེ། ང་དང་འདྲ་བར་ལུས།
152a7 མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་དང་། འོད་འདོམ་གང་དང་ལྡན་པ་དང་། བཞིན་མཛོད་སྤུས་བརྒྱན་པའི་སངས་རྒྱས་ཀྱི་སྐུའི་ཚུལ་གྱིས་འོངས་སུ
iiif viewer powered by OpenSeadragon
151b - 152b