| | e-texts navigator
|
148b1 སྟོང་གི་རྣར་ཡང་མི་སྤྱོད། གྲངས་དང་། ཆ་དང་། དཔེ་དང་། རྒྱུར་ཡང་མི་བཟོད་ལགས་སོ།། བྱ་དེ་དག་ནི་དཔེ་མ་མཆིས་པ་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གསུང་ནི་ནུའི།
148b2 སྒོ་ནས་དཔེ་མ་མཆིས་པ་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་བ་ཤད་པར་བྱ་བའི་རིགས་ཏེ་ལེགས་སོ་ལེགས་སོ།། དེ་བས་ན་ར་པོ
148b3 གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཐར་པའི་རྒྱུ་དང་དཔེ་གཞན་ནི་ལྷ་དང་། མི་དང་། ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ན་མེད་དེ། དཔེ་མེད་བཞིན་དུ་གདུལ་བར་བྱ་བའི་དབང་གིས་ཡོན་ཏན
148b4 འདི་འདྲའོ།། དེ་འདྲའོ་ཞེས་དཔེས་བསྟན་ཏོ།། ཐར་པའི་དཔེ་ནི་དེ་བཞིན་གཤེགས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་གང་ཡིན་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི
148b5 བཞིན་གཤེགས་པ་སྟེ། འདི་ལ་གཉིས་སུ་བྱར་མེད་ཅིང་། ཐ་དད་པར་བྱར་མེད་དོ།། རིགས་ཀྱི་བུ་དཔེར་ན་དཔེ་མེད་བཞིན་དུ་ཆུའི་དོན་གྱིས་དཔེར་ལེན་པའང་ཡོད་དེ། ཀྱེ་མ་བཞིན་བཟང་ཁྱོད་ཟླ་བ་ཉ་བ་བཞིན
148b6 ཞེས་བྱ་བ་དང་། གླང་པོ་ཆེ་བཟང་ཁྱང་གངས་ཀྱི་རི་བཞིན་ཞེས་བྱ་མོད་ཀྱི་ཅི་ཟ་བ་བཞིན་དང་འདྲའམ། བཞིན་ཡང་ཟླ་བ་དང་འདྲའམ། ཅི་གླང་པོ་ཆེ་རི་དང་འདྲའམ། རིའང་གླང་པོ་ཆེ་དང་འདྲའམ
148b7 རིགས་ཀྱི་བུ་དེ་བཞིན་དུ། ཐར་པའང་དཔེ་མེད་བཞིན་དུ་སེམས་ཅན་ངེས་པར་བསྒྲལ་བའི་ཕྱིར། འདིར་རྒྱུའི་དབང་གིས་དཔས་བསྟན་པར་རིག་པར་བྱའོ།། ཆོས་ཀྱི་དེ་ཁོ་ན་ཉིད་ཀྱང་རྒྱུའི་དབང་གིས་ཆོས
iiif viewer powered by OpenSeadragon
148a - 149a