e-texts navigator
Collection
Volume
Page
Wylie

146b1 ནི་དེ་ལྷ་མ་ཡིན་ནོ།། སྟོང་པ་ཉིད་ཅེས་བྱ་བ་ནི་ཇི་ལྟར་སྣང་རྩི་དང་། ཀུན་མར་དང་། འབྲུམ་དང་། ནཱ་དུང་། ཞོའི་བུམ་པ་རྣམས་ལན་ཡོད་ཀྲུང་རུང་། མེད་ཀྱང་རུང་། ཞེའི་བུམ་པ་ཞེས་བྱས།
146b2 དང་། དེ་བཞིན་དུ་སྦྲང་རྩི་དང་དུ་ཡོད་ཀྱང་རུང་། མེད་ཀྱང་རུང་། སྦྲང་དྲི་དང་ནུའི་བུམ་པ་ཞེས་བྱ་བ་ནི། ཅི་དེ་ལ་བུམ་པ་སྟོང་པ་ཞེས་བྱ་འམ། དེ་དག་མེད་པ་ལ་བུམ་པ་རང་ཉིད་སྟོང་ངམ།། གཟུགས
146b3 ཀྱང་ཡོད་ཁ་དོག་ཀྱང་ཡོད་ན་ཇི་ལྟར་སྟོང་ཞེས་བྱ། ཐར་པ་ནི་དེ་ལྟ་བུར་སྟོང་པ་མི་ཡིན་ཏེ། ཐར་པ་ལ་ནི་གཟུགས་དང་ཁ་དོག་ཕུན་སུམ་ཚོགས་པའང་ཡོད་ན། ཇི་ལྟར་ཞོའི་བུམ་པ་སྟོང་པ་མ་ཡིན་དུ།
146b4 ཟིན་ཀྱང་ཞོ་མེད་པའི་ཕྱིར་སྟོང་པ་ཞེས་བྱ་བ་བཞིན་དུ། ཐར་པའང་སྟོང་པ་མ་ཡིན་བཞིན་དུ་སྟོང་པ་ཞེས་བྱ་སྟེ། གཟུགས་ཡོད་བཞིན་དུ་ཇི་ལྟར་སྟོང་པ་ཞེས་བྱ་ཞེ་ན། སྟོང་པ་ཞེས་བྱ་བ་ནི། ཉོན་མོངས་པ
146b5 རྣམ་པ་དང་། སྲིད་པའི་ཐ་སྙད་ཉི་ཤུ་རྩ་ལྔ་དང་། སྡུག་བསྔལ་དང་། འཇིག་རྟེན་གྱི་ཆོས་ལུགས་དང་། ཆོ་ག་དང་། སྤྱོད་ཡུལ་འབྱུང་བ་རྣམས་མེད་པའི་ཕྱིར་ཞོའི་བུམ་པ་ཞོ་མེད་པ་བཞིན་དུ། 8
146b6 པ་ལ་སྟོང་པ་ཞེས་བྱ་སྟེ། དེ་ལ་ནི་བུམ་པའི་གཟུགས་མི་གཡོ་བ་བཞིན་དུ། ཤས་ཆེར་བདེ་བ་དང་། དགའ་བ་དང་། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། འཇིག་རྟེན་ལས
146b7 འདས་པའི་ཆོས་དང་། ཆོ་ག་དང་། སྤྱོད་ཡུལ་རྣམས་ཡོད་དོ།། ཐར་པ་ནི་བུམ་པའི་གཟུགས་བཞིན་དུ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་མ་ཡིན་གྱི། བུམ་པ་ནི་ཆག་པར་གྱུར་ཏེ།




iiif viewer powered by OpenSeadragon

146a - 147a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo