| | e-texts navigator
|
144b1 ནི་དེ་བཞིན་གཤེགས་པའོ།། དབེན་པ་དབེན་པ་ཞེས་བྱ་བ་ནི། གང་ལ་ཐ་བའི་ཆོས་གཞན་མེད་པ་སྟེ། གླང་པོ་ཆེའི་དགོན་པ་ན་གླང་པོ་ཆེ་གཅིག་པུ་རྒྱུ་ཞིང་། གཅིག་པུ་གནས་པ་བཞིན་དུ
144b2 ཐར་པའང་དེ་དང་འདྲའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། རྣམ་པར་སྤོང་བ་རྣམ་པར་སྤོང་བ་ཞེས་བྱ་བ་ནི། བདག་མེད་པ་གཟུང་བར་བསྟན་ཏེ། དེ་ནི་དེ་བཞིན་གཤེགས
144b3 པའི་སྙིང་པོ་ལ་འཇུག་པའོ།། ཇི་ལྟར་ཨེ་རནད་དང་འདམ་བུའི་སྡོང་བུ་ནི་འབྲས་བུ་མ་གཏོགས་པར། ཐོག་ཐག་ཏུ་སྙིང་པོ་མེད་པ་དེ་བཞིན་དུ། ལྷ་དང་། མི་དང་། ལྷ་མ་ཡིན་གྱི་ལུས་ཐམས
144b4 ཅད་ནི། དེ་བཞིན་གཤེགས་པའི་སྙིང་པོ་མ་གཏོགས་པར། ཐམས་ཅད་ཨེ་རན་ད་དང་འདམ་བུ་བཞིན་དུ་སྙིང་པོ་མེད་དོ།། སྲིད་པའི་སྙིང་པ་མེད་པ་ཐམས་ཅད་རྣམ་པར་སྤངས་པ་ནི་ཐར་པའོ།། ཟར
144b5 པ་ནི་རང་ལ་བརྡ་སྤྲོད་པ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། སྤོང་བ་སྤོང་ཞེས་བྱ་བ་ནི། ཁ་ཟས་མ་ནུ་བས། ཁ་ཟས་མ་ཆོས་པ་སྤོང་བ་བཞིན་དུ། སྲིད་པ་ཐམས་ཅད
144b6 བཅུད་པ་དང་སྤངས་ཏེ། དེ་ལྟར་ན་ཐར་པ་ནི་མཁས་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། རང་གི་སངས་རྒྱས་ཀྱི་ཆོས་སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་ནི། ཇི་ལྟར་ཀླུང་ཤིང
144b7 གི་མེ་ཏོག་པ་མཁལ་གྱི་མེ་ཏོག་མ་ཡིན་པ་བཞིན་དུ། ཐར་པའང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཁམས་ཁམས་ཞེས་བྱ་བ་ནི་ཁམས་དེ་ནི་སེམས་ཅན་ཐམས
iiif viewer powered by OpenSeadragon
144a - 145a