| | e-texts navigator
|
133a1 འདུས་མ་བྱས་ཡོངས་སུ་བསགས་པའོ།། དེ་ལ་ཉན་ཐོས་ནི་འདུས་བྱས་ཡོངས་སུ་བསགས་པའི་རྣམ་པའོ།། དེ་བཞིན་གཤེགས་པ་ནི་འདུས་མ་བྱས་པ་ཡོངས་སུ་བསགས་པའི་རྣམ
133a2 པའོ།། དགེ་འདུན་ནི་རྣམ་པ་གཉིས་ཏེ། འདུས་བྱས་ཀྱི་དགེ་འདུན་དང་། འདུས་མ་བྱས་ཀྱི་དགེ་འདུན་ནོ།། དེ་ལ་འདུས་བྱས་ཀྱི་དགེ་འདུན་ཞེས་བྱ་བ་ནི། ཉན་ཐོས་ཀྱི་དགེ་འདུན་ཡིན་ཏེ། ཉན་ཐོས་ཀྱི་དགེ་འདུན
133a3 ལ་ནི་ཡོངས་སུ་བསགས་པའང་མེད་ན། བྲན་དང་བྲན་མོ་ལ་སོགས་པ་རྫས་ངན་པ་རྣམས་དང་། མཛོད་དང་བང་བ་ཡོངས་སུ་འཛིན་པ་ལྟ་ག་ལ་ཡོད་དེ། འོས་མ་ཡིན་པ་ན། དེ་དག་ནི་ལན་ཙཱ་དང་ཏིལ་ཙམ་ཡང
133a4 ཡོངས་སུ་བསགས་པར་མི་བྱེད་དོ།། གང་དག་བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་བྲན་དང་བྲན་མོ་ལ་སོགས་པ་འཆང་དུ་གནང་ངོ་ཞེས་ཟེར་བ་དེ་དག་གི་ལྕེ་ནི་ལྐུགས་པར་འགྱུར་སྲིད་དོ།། ཉན་ཐོས་དེ་དག་ནི་ཡོངས
133a5 སུ་བསགས་པ་མེད་པའི་རྣམ་པ་ཡིན་ཏེ། དེ་དག་ནི་ཟས་ཡོངས་སུ་ཤེས་པའོ།། གང་དག་ཟས་ལ་ཞེན་པ་མེད་པ་དེ་དག་ནི་ཟས་ཡོངས་སུ་ཤེས་པ་ཡིན་ནོ།། དེ་དག་ནི་འགྲོ་བའི་ལམ་དུ་རྗེས་བཅད་པ་དཀའ་འོ།།
133a6 དེ་དག་ནི་མྱུར་བ་ཁོ་རར་སངས་རྒྱས་ཉིད་དུ་ཉེ་བར་གནས་སོ།། དེ་དག་གི་འགྲོ་བ་ནི་རྗེས་བཅད་པ་དཀའ་འོ་ཞེས་དེ་བཞིན་གཤེགས་པ་གསུང་ངོ་།། ཡང་བཀའ་སྩལ་པ། གལ་ཏེ་འདུས་བྱས་ཀྱི
133a7 དགེ་འདུན་ལའང་ཡོངས་སུ་བསགས་པ་མེད་ན། འདུས་མ་བྱས་པའི་དགེ་འདུན་ལ་ལྟ་ག་ལ་ཡོད། འདུས་མ་བྱས་པའི་དགེ་འདུན་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ལ་གསང་བའི་ཆོས
iiif viewer powered by OpenSeadragon
132b - 133b