| | e-texts navigator
|
132b1 འདྲ་བར་རང་གི་སྲས་ཚར་ཕྱིན་པར་མཛད་དེ། དེ་ལྟར་ན་རིག་པ་ཐམས་ཅད་ཚར་ཕྱིན་པར་བྱེད་པ་བཞིན་དུ་ཚར་ཕྱིན་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་དབྱར་གྱི་སྤྲིན་ཆེན་པོ་རྣམས་འབྲུག་ཀྱང་འདིར་རིརིན།
132b2 སྒྲོགས་ཤིང་ཆར་ཆེན་པོ་འབེབས་སུ་ཟིན་ཀྱང་། སེམས་ཅན་ཁ་ཅིག་གིས་ས་བོན་མ་སྐྱེས་ན། ཅི་དེ་ལ་སྤྲིན་ཆེན་པོ་རྣམས་ཀྱིས་ཉེས་སམ། ཅི་སྤྲིན་ཆེན་པོ་རྣམས་ཆར་མི་འབེབས་སམ། དེ་བཞིན་དུ
132b3 དྲང་ངས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་གསང་ཆེན་མ་ལུས་པར་བསྟན་ཀྱང་། སེམས་ཅན་སྣོད་དུ་མ་གྱུར་པ་གང་ཡིན་པ་དེ་དག་གིས་མི་ཐོས་སོ།། ཡང་བཀའ་སྩལ་པ། གང་དག་ལ
132b4 ནི་ཡོངས་བསགས་མེད།། གང་དག་གིས་ནི་ཟས་མི་རྟོགས།། མཁའ་ལ་བྱ་རྣམས་རྗེས་འདྲ་བ།། དེ་དག་རྗེས་བཅད་དཀའ་བ་ཡིན།། བསྟན་པ་འདིའི་དོན་ཇི་ལྟ་བུ་ཞེ་ན། སུ་དག་ལ་ནི་ཡོངས
132b5 བསགས་མེད།། སུ་དག་གི་ནི་ཟས་མི་རྟོགས།། གང་དག་གི་ནི་རྗེས་བཅད་དཀའ།། སུ་སོང་གང་དུ་སོང་བ་ན།། དེ་དག་རྗེས་བཅད་དཀའ་བ་ཡིན།། དེ་ལ་རིན་པོ་ཆེ་ལ་སོགས་པ་ནི་བསགས་པའོ།།
132b6 ལོངསུ་ཞེས་བྱ་བ་ནི་ཕྲད་ཀྱི་བྱེ་བྲག་གི་ཚིག་གོ།། ཡོངས་སུ་ཤེས་བྱ་བ་ནི་བསྡུས་པའི་དོན་ཏེ། འདིར་རྫས་བཟང་པོ་བསྒྲུབ་པའི་ཐ་ཚིག་གོ།། བསགས་པ་ཞེས་བྱ་བ་དང་། ནོར་ཞེས་བྱ་བ་ནི་དོན་གཅིག་གོ
132b7 གང་དག་ནོར་ཡོངས་སུ་བསགས་པར་བྱེད་པ་དེ་ནི། དེ་དག་གི་ཡོངས་སུ་བསོགས་ཞེས་བྱའོ།། དེ་ལ་ཡོངས་སུ་བསགས་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། འདུས་བྱས་ཡོངས་སུ་བསགས་པ་དང
iiif viewer powered by OpenSeadragon
132a - 133a