| | e-texts navigator
|
129b1 ཀྱི་དོན་མཐར་ཐུག་ཟིན་བཞིན་དུ། ཡ་མཚན་ཅན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་འབྱུང་བར་སྟོན་ཏེ། དེ་དག་ངེས་པར་བསྒྲལ་བའི་ཕྱིར་རོ།། དེ་བཞིན་གཤེགས་པ་ནི་རྟག་ཏུ་རང་བཞིན་གྱི་སྐུར་གནས་མོད་ཀྱི།
129b2 སེམས་ཅན་ཐམས་ཅད་ངེས་པར་བསྒྲལ་བའི་ཕྱིར། བཟོའི་གནས་ཐམས་ཅད་དུའང་སློབ་དཔོན་བྱེད་དེ། རིག་སྔགས་དང་། གསང་སྔགས་དང་། སྤྲུལ་པ་ཐམས་ཅད་ཀྱང་སྟོན་ལ། ཡ་མཚན
129b3 ཅན་ཐམས་ཅད་ཀྱི་རྒྱགས་པ་དང་ང་རྒྱལ་བཅོམ་ནས། དེ་དག་ལ་ཤིང་བལ་ལྟ་བུར་སྙིང་པོ་མེད་པ་ཡང་དག་པར་སྟོན་ཅིང་། དེ་དག་དམ་པའི་ཆོས་ལ་འཛུད་པར་བྱེད་པ་འདི་ནི། འཇིག་རྟེན་དང་མཐུན་པར་བྱ་བ
129b4 ཡིན་ཏེ། དེར་སེམས་ཅན་ལྟ་བུའི་འདུ་ཤེས་ཅན་རྣམས་ཀྱིས། སེམས་ཅན་འདི་ནི་འཇིག་རྟེན་པའོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། དེ་བཞིན་གཤེགས་པ་ནི་འཇིག་རྟེན་པ་མ་ཡིན་གྱི། འཇིག་རྟེན
129b5 ལས་འདས་པའི་ཆོས་གཟིགས་པ་ཡིན་ནོ།། འཛམ་བུའི་གླིང་ལ་ལར་ནི། འཇིག་རྟེན་དང་མཐུན་པར་བྱ་བའི་ངེས་པར་བསྒྲལ་བའི་ཕྱིར། བྲན་དང་བྲན་མོར་ཡང་སྟོན་ཏེ། སེམས་ཅན་རྣམས་ཀྱི་དྲན
129b6 དང་བྲན་མོའོ་སྙམ་དུ་ཡང་དག་པར་ཤེས་པ་དེ་ནི། རིགས་དམའ་བར་སྟོན་པ་ཡིན་ནོ།། འཛམ་བུའི་གླིང་ལ་ལར་ནི། ངས་འཇིག་རྟེན་པའི་བྱ་བ་ཐམས་ཅད་བསྟན་ཏེ། སེམས་ཅན་རྣམས་ཀྱིས་སེམས
129b7 ཅན་འདི་ནི་འཇིག་རྟེན་ལྷུར་བྱེད་པ་ཡིན་ནོ་སྙམ་དུ་ཡང་དག་པར་ཤེས་སོ།། དེ་ལྟར་སྟོན་དུ་ཟིན་ཀྱང་དེ་བཞིན་གཤེགས་པ་ནི་ལས་དེ་བྱེད་པ་མ་ཡིན་ཏེ། འཇིག་རྟེན་ཐམས་ཅད་དང་མཐུན་པར་བྱ་བ་ནི་འཇིག་རྟེན་བསྒྲལ
iiif viewer powered by OpenSeadragon
129a - 130a