| | e-texts navigator
|
118a1 ། བདག་ཀྱང་ཡོད། མདོ་སྡེ་སྤོང་བ་དག་ཀྱང་ཡོད། འདོད་ཆེན་པོའི་མཐར་ཐུག་པའི་རྒྱུའི་མཚན་ཉིད་རྫོགས་པ་དག་ཀྱང་ཡོད་དེ། འདི་ན་དགེ་སློང་སྡིག་པའི་ལས་བྱེད་པ།། ཆོས་ཐམས
118a2 ཅད་ལས་ཐལ་བ། དེ་དག་གཞན་དག་གིས་བསྐུལ་ནའང་བདག་ཉིད་མཁས་པ་ཡིན་པའི་མངོན་པའི་ང་རྒྱལ་བྱེད་ཅིང་འཆགས་པར་མི་བྱེད་དེ། གསོར་རུང་བའང་གསང་སྟེ། གསོར་མི་རུང་བར་བྱེད་པ་དག་ཀྱང
118a3 ཡོད། ཁ་ཅིག་ནི་རུས་སྦལ་གྱི་ལུས་བཞིན་དུ་སྤོད་པའང་ཡོད་དེ། དེ་ལྟར་བདག་གིས་ཉེས་པ་ཡུན་རིང་དུ་བཅབས་པས། ཉེས་པ་འབྱུང་ཞིང་། སྡིག་པ་བསགས་པར་འགྱུར་བར་ན། དེའི་ཕྱིར་དེ་བཞིན
118a4 གཤེགས་པ་ཐམས་ཅད་མཁྱེན་པ་ཡིན་པས་སྡིག་པ་ཅན་རྣམས་ལ་གནས་རེ་རེ་ནས་འདྲི་བར་མཛད་དོ།། ཐོག་མ་ཁོ་ནས་གཅིག་བཅས་པ་ན། བསླབ་པའི་གཞི་ཐམས་ཅད་ཅིག་ཅར་འཆའ་བར་མི་མཛད
118a5 དོ།། གསོལ་པ། དེ་བཞིན་གཤེགས་པས་མཁྱེན་བཞིན་དུ་དེ་དག་མནར་མེད་པ་ཤིན་ཏུ་འཇིགས་པའི་སར་བཏང་བ་མཛད་དམ་ཅི་ལགས། དཔེར་གསོལ་ན་འགྲོན་པོ་དག་ཅིག་ཤུལ་དུ་ཞུགས་ཏེ་ཤུལ་དྲང
118a6 པོར་འཚལ་བ་ལས། དེར་ཤུལ་གཅིག་ནི་ལོགས་ཤིག་ཏུ་མཆི་བ་ལགས་ལ།། དེ་དག་གིས་ཀྱང་ཤུལ་བོར་ཏེ། ལོག་པར་ཞུགས་ཤིང་མ་རུང་བར་གྱུར་ཀྱང་། བདག་ཅག་ནི་ཤུལ་ལོག་པར་ཞུགས་སོ།
118a7 སྙམ་དུ་མ་ཚོར་ནས། འདི་ནི་ཤུལ་བཟང་པོ་ལགས་སོ་སྙམ་དུ་འཛིན་ཅིང་དོང་ལ་ཕས་རྒྱུ་བའི་འགྲོན་པོའང་མ་མཐོང་བ་དེ་བཞིན་དུ། ཆོས་ལ་རྨོངས་པའི་སེམས་ཅན་དམ་པའི་ཆོས་ཀྱི་དེ་ཁོ་ན་ཉིད་མ་མཐོང
iiif viewer powered by OpenSeadragon
117b - 118b