| | e-texts navigator
|
117a1 དག་པར་བགྱི་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ཅི་ནས་འདུལ་བ་དང་མི་འགལ་བར་ཆུས་བཀྲུས་ཏེ་བཟའ་བར་བྱའོ་ཞེས་ངས་བསྟན་ཏོ།། ཡུལ་དེ་ལྟ་བུ་ན་ཟས
117a2 དྲང་སྐོམ་ཤའི་ཟས་ཀྱིས་ཤས་ཆེར་འདྲེས་པར་སྣང་བ་དེ་ལྟ་བུ་ནི་སྤང་བར་བྱའོ།། སྣོད་གཅིག་ལ་གཅིག་རེག་སྟེ། ཁ་ཟས་དངོས་མ་འདྲེས་པ་དེ་ལ་ནི་ཉེས་པ་མེད་དོ།། ཤ་འམ། ཉ་ཤ་འམ། རི་དགས
117a3 ཀྱི་ཤ་འམ། རྨིག་པ་རྐམ་པོ་འམ། ཤའི་བག་གཞན་གྱིས་འབགས་པ་རྣམས་ཀྱང་ལྟུང་བྱེད་དུ་འགྱུར་རོ་ཞེས་ང་ཟེར་རོ།། སྔར་ནི་དོན་གྱི་དམིགས་བྱུང་བའི་སྐབས་སུ་བསྟན་ཏོ།། ད་འདིར་ནི་ཤ་ཟ་བ་ལས
117a4 གནོད་པར་འགྱུར་བར་ངས་བསྟན་ཏོ།། འདི་ནི་ང་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ། མང་དུ་བཤད་པ་ཡིན་ཏེ། འདི་ནི་འདྲི་བའི་དབང་ཞེས་བྱའོ།། དེ་ལ་དོན་གྱི་དམིགས་བྱུང་བའི་དབང་ཞེས་བྱ་བ་ནི། དགེ
117a5 སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་དྲག་ང་ལ་འདི་སྐད་རྗེས་འདྲི་བར་བྱེད་དེ། དེ་བཞིན་གཤེགས་པས་ཐོག་མར་མགོ་གཅིག་ཁོ་ནར་བཀའ་སྩལ་ན། བཅོམ་ལྡན་འདས་དེ་བཞིན
117a6 གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། ཀོ་ས་ལའི་རྒྱ་ལོ་གསལ་རྒྱལ་ལ་དོན་དང་ཚིག་འདི་རྣམས་ཅིའི་སླད་དུ་བཀའ་མ་སྩལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས
117a7 ཆོས་ཀྱི་སོ་དེ་ལྟར་བཀའ་སྩལ་བ་ནི། ལེགས་པར་གསུངས་པ་མ་ལགས་སོ་ཞེས་ཟེར་ནཉེས་པར་འགྱུར་རོ་ཞེས་ཟེར་རོ།། སྲུང་བ་ཞེས་བྱ་བ་ནོ་གང་བ་ཤད། འདུལ་བ་ཞེས་བྱ་བ་ནི་འི་སྐད་པ་ཤད། སོ་མ
iiif viewer powered by OpenSeadragon
116b - 117b