| | e-texts navigator
|
116a1 རྣམས་ཤ་མི་ཟའོ།། གདུལ་བར་བྱ་བའི་དབང་གིས་ནི་ཤ་ཟབ་ལྟ་བུར་ཡང་སྟོན་མོད་ཀྱི། ཁ་ཟས་ཐ་མལ་པ་ཡང་མི་ཟ་ན། ཤལྟ་ཅི་སྨོས། རིགས་ཀྱི་བུང་འདས་པའི་འོག་ཏུ།
116a2 ལོ་བརྒྱ་ཕྲག་མང་པོ་འདས་པ་ན། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྣམས་མེད་པར་གྱུར་ལ། དམ་པའི་ཆོས་གཏན་ཞིག་པའི་ཚེ། དགེ
116a3 སློང་འདུལ་བ་དང་མ་མོ་འཛིན་པ་རྟོག་པ་སྣ་ཚོགས་ཅན་རང་གི་ལུས་གསོ་བར་བྱེད་པ། ཤ་སྣ་ཚོགས་གཅེས་པར་འཛིན་པ། ཁྲིམས་འཁྲུགས་པ་དང་། བཀྲེས་པ་དང་སྐོམ་པས་གཟིར་བ།
116a4 ལུགས་འཇིགས་འཇིགས་ལྟར་འདུག་པ། བ་གླང་རྫི་འདྲ་བ། བྱ་བ་འདྲ་བ། ཆོས་གོས་ཚོན་ཅན་གྱི་རྟགས་འཆང་། བྱི་ལའི་བརྟུལ་ཞུགས་སྤྱོད་པ། བདག་ནི་དགྲ་བཅོམ་པ་ཡིན་ནོ་ཞེས
116a5 ཁས་འཚལ་གནོད་པ་མང་པོས་ཉེན་པ། རང་གི་གཅིན་དང་ཕྱིས་ས་ལུས་གོས་པ། ཐུབ་པ་བཞིན་དུ་ཆ་ལུགས་བཟང་པོའི་འཆོས་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་ལྟར་འཆོས་པ། དམ་པར།
116a6 ཆོས་ལྟར་བཅོས་མའི་ཡི་གེ་འཆུང་བ་དག་འབྱུང་བར་འགྱུར་ཏོ།། དེ་དག་གི་ས་ངས་བཅས་པའི་འདུལ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དང་ལྡན་པའི་ཚུལ་དང་། རུང་བ་མ་ཡིན་པ་ལ་ཆགས་པ་ལས
116a7 རྣམ་པ་གྲོལ་བ། མ་པའི་དི་འདི་ཉིད་ཀྱི་མི་ནབ་གིགནས། འདུལ་བར་མང་མས་ས་ནས་ཅི་ག་མགུ་ག་པར་བྱེ་། འདི་བདག་ཅག་གིས་འདུལ
iiif viewer powered by OpenSeadragon
115b - 116b