| | e-texts navigator
|
112a1 གུལས?། རིགས་ཀྱི་དུ་མ་ཡོངས་སུ་མྱ་ངན་ལས་འདས་ཆེན་པོའི་སྤྱད་པ་སྨོད་པར་འདོད་ས་ན། དེ་བཞིན་ག་ཤེགས་པཏས་གནས་བྱབ་ལ་ཛིན་པ་དུའོ།། གསོལ།
112a2 ཀྱེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་ལགས་སོ།། ཆོས་བསྟན་པ་བསམ་གྱིས་མི་ཁྱབ་ལགས་སོ།། དགེ་འདུན་ཡོན་ཏན་གྱི་ཚོགས་དང་ལྡན་པ་བསམ་གྱིས་མི་ཁྱབ་ལགས་སོ།།
112a3 དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདིའང་བསམ་གྱིས་མི་ཁྱབ་ལགས་སོ།། འདི་ལ་གང་དག་བཀའ་བཞིན་དུ་བྱེད་པ་དག་ནི། ཡང་དག་པར་འཛིན་པའི་སེམས་ཅན་ལགས་སོ།། དེ་དག
112a4 ནི་མཆོད་རྟེན་ལྟ་བུ་ལགས་སོ།། གཞན་ནི་མྱ་ངན་དུ་དགྱི་བ་ལགས། མི་ཤེས་པའི་དགོན་པ་ན་འཁོད་པ་ལགས་སོ།། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཐེག་པ་ཆེན་པོའི་མདོ་ལས། མདོའོ་མེང།
112a5 གི་གཏན་ཚིགས་དང་ཡོན་ཏན་གྱི་ཚུལ་གྱི་ལེའུ་ཞེས་བྱ་སྟེ་གསུམ་པའོ།། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། མྱ་ངན་ལས་འདས་པ་ཐེག
112a6 པ་ཆེན་པོའི་མདོ་ཆེན་པོ་ལས། ཆོས་ཀྱི་སྣ་གྲངས་རྣམ་པ་བཞི་སྟོན་པར་བྱེད་དེ། སྣ་གྲངས་རྣམ་པ་བཞི་གང་ཞེ་ན། རང་གི་ལྷག་པའི་བསམ་པ་ཞེས་བྱ་བ་དང་། གཞན་གྱི་ལྷག་པའི་བསམ་པ་ཞེས་བྱ་བ་དང་།
112a7 འདྲི་བའི་དབང་ཞེས་བྱ་བ་དང་། དོན་གྱི་དམིགས་བྱུང་བའི་དབང་ཞེས་བྱ་སྟེ། བཞི་པོ་ན་དེ་དག་ཡིན་ནོ།། དེ་ལ་རང་གི་ལྷག་པའི་བསམ་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་གང་ལ་གཟིགས་ནས
iiif viewer powered by OpenSeadragon
111b - 112b