| | e-texts navigator
|
111b1 མཆོག་ཅེས་བྱ། རབ་མཆོག་ཅེས་བྱ། གཙོ་བ་ཞེས་བྱའོ།། དེ་བཞིན་དུ་ཐམས་ཅད་ལའང་སྒྱུར་བར་བྱསྟེ། འདིར་དཀར་པོའི་ཕྱོགས་ཀྱི་ཐབས་དང་སྦྱོར་རོ།། ཉན་ཐོས་ཀྱི་ཐེག་པའི་ཡང་དག་པ་ལྡན།
111b2 བའི་མདོའི་རྣམ་པར་དབྱེ་བའང་འདིར་སྒྱུར་བར་བྱའོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་མཁྲིས་པ་རྒྱས་པའི་ནད་ཀྱིས་ཐེབས་པ་ལ་ནི། མར་དང་། མངར་བ་བརྒྱད་ཀྱི་སྨན་འབྲའ་ཞིག་ལྷག་པར་པན་པ་དེ།
111b3 བཞིན་དུ། དེ་བཞིན་གཤེགས་པའི་དགོངས་པའི་ཚིག་གི་མཁྲིས་པ་རྒྱས་པའི་ནད་ཀྱིས་ཟིན་པ་ལའང་ཐེག་པ་ཆེན་པོའི་མདོ་སྡེ་དང་མྱ་ངན་ལས་འདས་པ་ཆེན་པོའི་མངར་བ་བརྒྱད་ཀྱི་སྨན་འབའ་ཞིག་ལྷག་པར
111b4 པན་ཏེ། འདིར་མངར་བ་བརྒྱད་གང་ཞེ་ན། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། ཞི་བ་དང་། བསིལ་བའི་རང་བཞིན་དང་། རྒ་བ་མེད་པ་དང་། འཆི་བ་མེད་པ་དང་། དྲི་མ་མེད་པ་དང་བདེ་བ་སྟེ།
111b5 འདི་རྣམས་ནི་འདིར་མངར་བ་བརྒྱད་ཅེས་བྱ་སྟེ། གང་གི་ཕྱིར་མངར་བ་ཆེན་པོ་ཡིན་པས་ན། དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ
111b6 རྣམས་མིང་དང་། ཡོན་ཏན་དང་། ཚུལ་དེ་ལ་གནས་ན། ཡོངས་སུ་མྱ་ངན་ལས་འདས་པ་རྣམ་པ་དུ་མ་སྟོན་ཏེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། རིགས་ཀྱི་བུ་འམ། རིགས
111b7 ཀྱི་བུ་མོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདིས། མྱ་ངན་ལས་འདའ་བར་འདོད་པས་ནི། དེ་བཞིན་གཤེགས་པ་དང་། ཆོས་དང་། དགེ་འདུན་རྟག་གོ་ཞེས་བྱ་བ་ལ་བརྩོན་པར་བྱའོ།། རིགས་ཀྱི།
iiif viewer powered by OpenSeadragon
111a - 112a