e-texts navigator
Collection
Volume
Page
Wylie

103b1 པ། རིགས་ཀྱི་བུ་མིའི་ལྟ་བུར་སོ་བ་སྲོབ་པའི་ལུས་དང་། གཅིག་ཏུ་རུང་བའི་ལུས་ཞེས་དེ་སྐད་མ་ཟེར་ཅིག། འོད་སྲུངས་ཆེན་པོ་དང་རུས་གཅིག་པ། དེ་བཞིན་གཤེགས་པ་ནི་བསྐལ་པ་བྱེ་བ་ཕྲག་དུ
103b2 མ་ནས་མི་ཤིགས་པའི་སྐུ་དང་ལྡན་ཞིང་མིའི་ལུས་མ་ཡིན། ལྷའི་ལུས་མ་ཡིན། སྲིད་པ་ཐམས་ཅད་ཀྱི་ལུས་མ་ཡིན། ཤའི་ལུས་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐུ་ནི་ལུས་མེད་པ། མུ་སྐྱེས
103b3 པཱ། མ་འགགས་པ། ཡོད་པ་མ་ཡིན་པ། འཇུག་པ་མེད་པ། མཐར་ཐུག་པ་མེད་པ། གནས་པ་མེད་པ། རྣམ་པར་ཤེས་པ་མེད་པ། ཀུན་ཏུ་སྤྱོད་པ་མེད་པ། ཤིན་ཏུ་དགེ་བ། ཅིའང་མ་ཡིན་པ།
103b4 ཟིན་པ་མ་ཡིན་པ། རྐང་པ་མེད་པ། གནས་པ་མེད་པ། འགྱུར་བ་མེད་པ།། མྱོང་བ་མེད་པ། མ་འདྲེས་པ། མ་ཤེས། ཤེས་པར་བྱར་མེད་པ། རྣམ་པར་རིག་ཏུ་མི་བཟོད་པ། བསམ་གྱིས་མི་ཁྱབ་པ།
103b5 བསམ་དུ་མེད་པ། རྣམ་པར་ཤེས་པ་མེད་པ། སེམས་དང་བྲལ་བ་ཀ་སེམས་མཉམ་པ་ཉིད། སེམས་མཉམ་པ་ཉིད་དུ་འགྲོ་བ། འབབ་པ་མེད་པ། འོང་བ་དང་འགྲོ་བ་ཡོངས་སུ་ཆད་པ།། མ་བཅད།།
103b6 པྲ་བཅད་དུ་མེད་པ། གླགས་མེད་པ། རྫས་མ་ཡིན་པ། མ་བྱུང་བ། སྤྱོད་པ་མེད་པ། རྟོག་པ་མེད་པ། མིང་མེད་པ། ཡོངས་སུ་མ་གྲུབ་པ། མྱོང་བ་མ་ཡིན་པ། མི་མངོན་པ།། ཡུལ་མེད་པ།། ག་ན
103b7 མེད་པ། མུན་པ་མེད་པ། སྣང་བ་མེད་པ། ཞི་བ་མ་ཡིན་པ། རབ་ཏུ་ཞི་བ་མ་ཡིན་པ། ཞི་བ་དང་བྲལ་བ། དག་པ། རྣམ་པར་དག་པ། ཅིའང་མེད་པ། ལེན་པ་མེད་པ།། ཆགས་པ་མེད་པ། ཉོན་མོངས




iiif viewer powered by OpenSeadragon

103a - 104a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo