e-texts navigator
Collection
Volume
Page
Wylie

101b1 རིགས་ཀྱི་བུ་སྦྱངས་ནི་དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ་དང་། བྱེར་དྲུག་པ་ཡིན་ལ། འཇིག་རྟེན་པ་རྣམས་ལ་ནི་ག་པ་རྣས་མེད་དོ།། དག་པའི་སླད་ནི་དེ་བཞིན་གཤེགསུཔས་ནས
101b2 རྣམས་འབའ་ཞིག་ལ་ཡོད་ཅེས་དུ་ཟེར་རོ།། དེ་ལྟར་ན་རིགས་ཀྱི་བུའམ།། རིགས་ཀྱི་བུ་མོ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ནི་རྟག་པའོ།། སངས་རྒྱས་བཅོམ་ལྡན་འདས་ནི་ཐེར་ཟུག་པའོ།
101b3 དེ་ལྟར་ཤེས་པར་གྱིས་ཤིག། སེམས་ཅན་གང་དག་རྟག་ཅེས་བྱ་བའི་ཡི་གེ་གཉིས་བསྒོམ་པ་དེ་དག་ནི་རིང་པོ་མི་ཐོགས་པ་ཁོ་ན་ར་ངའི་གོ་འཕང་དང་ལྷག་ཆད་མེད་པ་ཐོབ་པར་འགྱུར་རོ།། རིགས་ཀྱི་བུ་གང་གི
101b4 ཚེ། རྟག་གོ་ཞེས་བྱ་བའི་ཡི་གེ་གཉིས་བསྒོམ་པ་ནུབ་པར་འགྱུར་བ་དེའི་ཚེ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་ཏེ། དེ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ།། གསོལ་པ
101b5 བཅོམ་ལྡན་འདས་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཅེས་བཀའ་སྩལ་པ་དེའི་དོན་ཅི་ལགས། བཅོམ་ལྡན་འདས་པ་དག་ནི་ཆོས་གླེངས་པ་འདི་རྟོགས་པར་འཚལ་ན།། བཅོམ་ལྡན་འདས་ཀྱིས་ཚིག་འདྲི་ཇི་ལྟ
101b6 བུ་ལགས་པ་རྒྱས་པར་བཤད་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཉིད་ཅེས་བྱ་བ་ནི་ལུས་ཡོངས་སུ་འདོར་བ་སྟེ། ལུས་ཡོངས་སུ་འདོར་བ་ཞེས་བྱ་བ་དེ་ནི་སྨད་པའི་ཚིག་ཡིན་པར།
101b7 ཤེས་པར་གྱིས་ཤིག། གསལ་པ། དེ་བཞིན་གཤེགས་པས་སྲུ་བོར་ནས་སླར་ཡང་སུ་ལེན་ཏམ་མོ་ལེན་པ་བདག་སུ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་སདམ




iiif viewer powered by OpenSeadragon

101a - 102a

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo