e-texts navigator
Collection
Volume
Page
Wylie

101a1 གཤེགས་པ་མི་རྟག་གོ།། མི་བརྟན་ནོ་སྙམ་དུ་འཛིན་ཏེ། དེ་བས་ན་མི་རྟག་པའི་གཉེན་པོར་དེ་བཞིན་གཤེགས་པ་རྟག་གོ་ཞེས་བྱ་བ་ལ་བརྩོན་པར་བྱའོ།། རིགས་ཀྱི་བུ་དེ་ནས
101a2 པ་གླང་གི་ལྷས་དེའི་སྐལ་པ་ཅན་གྱི་འཁོར་ལོ་སྒྱུར་བའི་རྒྱལ་པོ་འཇིག་རྟེན་དུ་བྱུང་ལ། ཆོམ་ཤོད་པ་དེ་དག་གིས་ཀྱང་། འཁོར་ལོ་སྒྱུར་བའི་རྒྱལ་པོའི་བསོད་ནམས་ཀྱི་མཐུས་དེར་བ་གླང་གཅིག་ཀྱང་མེད་པར་མི
101a3 བྱེད་དོ།། དེ་ནས་ནགས་ན་རྒྱུ་བའི་ཆོམ་ཤོད་པ་དེ་དག་གིས་བ་གླང་གི་ལྷས་དེ་བོར་ནས་དེ་འགྲོ་བར་འགྱུར་རོ།། དེ་ནས་འཁོར་ལོ་སྒྱུར་བའི་རྒྱལ་པོའི་ཁྱིམ་བདག་རིན་པོ་ཆེས། བ་གླང་གི་ལྷས་དེ་ཉམས་སུ་ལེན་པར
101a4 འགྱུར་ཏེ། ཁྱིམ་བདག་རིན་པོ་ཆེ་དེས་རང་གི་བློས་པ་གླང་གི་ལྷས་དེའི་འོ་མའི་དེ་ཁོ་ན་ཉིད་ཀྱི་ཐབས་ཤེས་པར་འགྱུར་ལ། བ་རྣམས་ཀྱི་འོ་མའང་འཁོར་ལོ་སྒྱུར་བའི་རྒྱལ་པོའི་བསོད་ནམས་ཀྱིས་ཉིས་འགྱུར
101a5 དུ་བཞོར་ཡོད་པ་དེ་བཞིན་དུ། ཆོས་ཀྱི་འཁོར་ལོ་སྒྱུར་བའི་སངས་རྒྱས་འཇིག་རྟེན་དུ་བྱུང་ནས། བ་གླང་གི་ལྷས་དང་འདྲ་བའི་འཇིག་རྟེན་པ་ཐམས་ཅད་ཡོངས་སུ་འཛིན་པར་མཛད་པས་ན། རྟག་པའི་སྒྲ་ནི
101a6 དེ་བཞིན་གཤེགས་པ་འབའ་ཞིག་གི་རྗེས་སུ་མཐུན་གྱིས། འཇིག་རྟེན་པ་ཆོམ་ཤོད་དང་འདྲ་བ་རྣམས་ཀྱིས་ནི་སངས་རྒྱས་ཀྱི་སྒྲ་དང་། རྟགས་ཀྱི་གནས་ཀྱང་ཐོས་པར་མི་འགྱུར་རོ།། དེ་བཞིན་གཤེག
101a7 པའི་ཉན་ཐོས་རྣམས་ནི། ཁྱིམ་བདག་རིན་པོ་ཆེ་བཞིན་དུ་དམ་པའི་ཆོས་ཀྱི་བ་གླང་གི་ལྷས་ཉམས་སུ་ལེན་པར་བྱེད་དེ། སེམས་ཅན་བསོད་ནམས་དང་ལྡན་པ་རྣམས་ཀྱི་དོན་དུ་ཆོས་ཀྱིའོམ་འཛེ་བར་བྱེད་དོ།།




iiif viewer powered by OpenSeadragon

100b - 101b

Texts on this page

Ty038-002 - 'phags pa yongs su mya ngan las 'das pa chen po theg pa chen po'i mdo